79847
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། ཀུན་རྫོབ་ཏུ་ནུས་པ་རྙེད་པའི་རྣལ་འབྱོར་པས་མྱོས་འགྱུར་ལྔ་བཏུང་། ཤ་ལྔ། བདུད་རྩི་ལྔ་བཟའ་རིགས་ལྔའི་ཕྱག་རྒྱ་བསྟེན་པ་ཡིན། ངེས་དོན་དུ་དེ་དག་གི་དོན་རིམ་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་ཀྱི་རྩལ་སྦྱང་། དབང་པོ་ལྔའི་རླུང་དང་རྣམ་རྟོག་དགག་རྩ་འཁོར་རྣམས་སུ་རླུང་གི་སྦྱོར་བས་ཐིག་ལེ་བཅིངས། སྟོང་གཟུགས་ལ་བརྟེན་པར་སེམས་མཉམ་པར་འཇོོག་པ་རྣམས་སོ། ། |
| Domain | ཆོས་ལུགས། |