79851

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་བརྟན་པའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། རྡོ་རྗེ་བསྡམས་པ་བརྐྱང་པ་ས་ལ་བཞག་ཏེ། ཨོཾ་བཛྲ་དྲི་ཌྷོ་མེ་བྷ་ཝ་བདག་ལ་རྡོ་རྗེ་བརྟན་པའི་རང་བཞིན་དུ། བནྡྷ་འཆིང་བ། རཀྵ་སརྦཱ་ན་ཐམས་ཅད་སྲུངས་ཤིག་སྭ་ཧཱ་ཞེས་པའི་ཚེ། འོག་ཕྱོགས་ཐམས་ཅད་རྡོ་རྗེའི་ས་གཞི་ནས་ཐང་བརྡལ་བ་ལྟ་བུ་ཤིན་ཏུ་རྒྱ་ཆེན་པོ་ཞིག་གྲུབ་པར་བསམ་མོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། ། འོག་བཅིང་བ་ལ། ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་བརྐྱངས་པ་ས་ལ་མར་ལེབ་ཆགས་སུ་བཞག་པ་རྡོ་རྗེ་བརྟན་པའི་ཕྱག་རྒྱ། བཛྲ་དྲི་ཌྷོ་ནི་རྡོ་རྗེ་བརྟན་པ། མེ་བྷ་ཝ་བདག་ལ་མཛོད་ཅིག བནྡྷ་རཀྵ་སརྦཱན་ཐམས་ཅད་སྲུངས་ཤིག སྭཱ་ཧཱ་ནི་རྡོ་རྗེ་རྩེ་མོར། སྭཱ་ཧཱ་ཞེས་པ་ཅི་ཡིན་བརྗོད། དམིགས་པ་ནི་རང་མེ་ལྟར་འབར་བའི་གསལ་བའི་ཐུགས་ཀ་ནས་རྡོ་རྗེ་སྔོན་པོ་དཔག་ཏུ་མེད་པ་སྤྲོས་ཏེ། འོག་རྡོ་རྗེའི་ས་གཞི་ནས་ཕུང་ཐང་ལ་བརྡལ་བ་ལྟ་བུར་བསམ་མོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།