79859
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀཿཐོག་དགོན་གྱི་གདན་ས་འཛིན་པ་དྲུང་རབས་བཅུ་གསུམ་ལས་དྲུང་རབས་གཉིས་པ་ཁོང་ནི། དྲུང་ནམ་མཁའ་སེངྒེའི་དབོན་བརྒྱུད་དུ་འཁྲུངས། རྡོ་དཀར་ནག་ཟན་ལ་བྱ་བ་བཞིན་ཆང་བུ་བཅའ་བ་སོགས་གྲུབ་རྟགས་མངའ་ཞིང་སྒྲུབ་པའི་རྒྱལ་མཚན་བཙུགས། འདི་ནས་བཟུང་གདན་ས་འཛིན་པ་རེ་དང་འཆད་ཉན་མཁན་པོ་རེ་ཟུར་དུ་བྱོན་པ་ལས་འདི་དུས་མཁན་པོ་ཨ་གཟི་བསོད་ནམས་འབུམ་པ་ཡིན། |