79879

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་མི་བསྐྱོད་པ་ (1)
Part of speech མིང་ཚིག
Definition རྡོ་རྗེ་མི་བསྐྱོད་པ་ནི། དཀོན་ཅོག་འགྲེལ་ལས། རྣམ་པར་ཤེས་པའི་རྒྱལ་པོ་ནི་རྡོ་རྗེ་མི་བསྐྱོད་པའོ། །ཞེས་དང་། འདི་ལྟར་འཇིག་རྟེན་གསུམ་པོའི་སེམས་ནི་རྣམ་པར་རྟོག་པའི་གཡོ་བ་དང་བཅས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ནི་ཕྱི་རོལ་དང་ནང་གི་རྐྱེན་གང་གིས་ཀྱང་མི་གཡོ་བས་ན་རྡོ་རྗེ་མི་བསྐྱོད་པའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།