79885

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་མེའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། རྡོ་རྗེ་བསྡམས་པ་ནང་བཅིངས་ཁ་གྱེན་དུ་བྱས་པའི་སོར་མོ་རྣམས་ནང་དུ་བསྣོལ་བ་འབར་བ་ལྟར་བྱས་ལ། མཐེ་བོང་གཉིས་གུང་མོ་དང་སྲིན་ལག་གི་བར་དུ་བསྒྲེངས་ཏེ་རྩེ་སྦྱར་བ་རྡོ་རྗེ་མེའི་ཕྱག་རྒྱ་བཅས་པ་ལ། བཛྲ་ཛྭ་ལའི་སྔགས་བརྗོད་པས་མེ་འོད་འཕྲོས་ཏེ་མཆོད་རྫས་ཀྱི་འབག་བཙོགས་གསལ་ཞིང་གཟི་བརྗིད་ཕུན་སུམ་ཚོགས་པར་བསམ་མོ་ཞེས་ཤར་བླ་མའི་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།