79895

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་ཞགས་པའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། རྡོ་རྗེ་ཁུ་ཚུར་གཉིས་གཅིག་ལ་གཅིག་གིས་མཁྲིས་མའི་གནས་ཀྱི་ཆ་མདུད་པར་བྱས་ཏེ་ཞགས་མིག་གི་ཚུལ་དུ་བྱས་པ་རྡོ་རྗེ་ཞགས་པའི་ཕྱག་རྒྱ། ཨོཾ་ཧཱུྃ་བཛྲ་པཱ་ཤ་ཞགས་པ། ཧྲཱིཿགསལ་བར་གྱིས་ཤིག་པའི་སྔགས་ཀྱི་ཚེ་ཤར་གྱི་ར་བའི་ནང་དུ་སྟེང་ཐོག་འོག་མ་དང་འབྲེལ་བའི་ར་བ་གཉིས་པ་གྲུབ་པར་བསམ་མོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། ། རྡོ་རྗེ་ཁུ་ཚུར་གཉིས་གཡས་ནང་གཡོན་རྒྱབ་ཏུ་མཁྲིག་མའི་ཐད་དུ་མདུད་པར་བྱས་ཏེ་ཞགས་མིག་གི་ཚུལ་དུ་བྱས་པ་རྡོར་རྗེ་ཞགས་པའི་ཕྱག་རྒྱ་བྱས་ཏེ། བཛྲ་པཱ་ཤ་ནི་རྡོ་རྗེ་ཞགས་པ། ཧྲཱིཿ་ནི་མན་སྙེར། ཧྲཱིཿ གསལ་བར་གྱིས་ཤིག་སྟེ། ཉེ་བ་མ་ཡིན་པ་ཉེ་བར་གྱུར་པས་གསལ་བར་གྱིས་ཤིག་པའོ། །དེའི་ནང་དུ་ཐོག་འོག་མ་དང་མཉམ་པའི་རྡོ་རྗེའི་ར་བ་གྲུབ་པར་བསམ་པ་ནི་ཤར་གྱི་ནང་བཅིང་བའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།