79902
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རིགས་ཀུན་གྱི་ཁྱབ་བདག་རྒྱུད་ཀྱི་སྟོན་པ་སྟེ། མདོ་ལས་ཤཱཀྱ་ཐུབ་པས་གསང་སྔགས་ཆོས་གསུང་སྐབས་ཀྱི་སྐུའི་རྣམ་པར་ཟེར། མཚན་གྱི་རྣམ་གྲངས་ལ། ཁ་སྦྱོར་བདུན་ལྡན་དང༌། ངེས་པ་ལྔ་ལྡན། རྡོ་རྗེ་ཅན། རྡོ་རྗེ་འཆང་ཆེན། རིགས་ཀུན་ཁྱབ་བདག རིགས་བརྒྱའི་བདག གསང་སྔགས་རྒྱལ། བཛྲ་དྷཱར། རྡོ་རྗེ་སེམས་དཔའ། དཀྱིལ་འཁོར་གཙོ་བོ། འཁོར་ལོའི་མགོན་པོ། སྙེམས་མའི་བདག་པོ། དྲུག་པ། རིགས་བརྒྱའི་ཁྱབ་བདག་བཅས་ཟེར། |
| Domain | ཆོས་ལུགས། |