79912
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་ཆེན་པོ་ནག་པོ་པ་ཉིད་ཀྱིས་རྡོ་རྗེ་མཁའ་འགྲོ་མ་ཉིད་ལས་བླངས་ནས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་འགྲེལ་པ་རིན་པོ་ཆེའི་ཕྲེང་བ། རྒྱ་གར་གྱི་མཁན་པོ་ཆེན་པོ་པཎྜི་ཏ་དཔལ་བཻ་རོ་ཙ་ན་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ། ཆོས་ཚན་འདི་སྡེ་དགེ་པར་མ་དང་། ཅོ་ནེ་ལ་བཞུགས་པ་ལས་པེ་ཅིང་། སྣར་ལ་མི་བཞུགས་ཏེ། དེ་དག་གི་དཀར་ཆག་ཏུ་“རྟོག་པ་བདུན་པའི་འགྲེལ་པ་ནག་པོ་པས་མཛད་པ། པཎྜི་ཏ་དཔལ་བཻ་རོ་ཙ་ན་རཀྵི་ཏ་དང་། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱི་འགྱུར་”ཞེས་དང་། འདིའི་ཕྱི་མོ་སླར་རྙེད་ན་རྫོང་ཞེས་མཆན་འཁོད། བསྟན་འགྱུར་རྒྱུད་མི་པར་བཞུགས། |