79917
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་རྒྱུད། རྡོ་རྗེ་ཁུ་ཚུར་གཉིས་བཅིང་ནས་མགལ་མེའི་འཁོར་ལོ་བཞིན་བསྐོར་ཏེ་མགོ་བོའི་སྟེང་དུ་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བཞག་པ་རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱ། ཨོཾ་ཧུ་ལུ་ཧུ་ལུ་ཞུགས་ཞིག་ཧཱུྃ་ཕཊ་ཞེས་པའི་སྔགས་ཀྱི་ཚེ། སྟེང་ཕྱོགས་མཐོ་བར་རྡོ་རྗེའི་ཐོག་གྲུ་བཞི་པ་རྒྱ་ཆེ་བ་ཞིག་གྲུབ་བར་བསམ་མོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། ། རྡོ་རྗེ་ཁུ་ཚུར་གཉིས་སོ་སོར་བཅིངས་ནས་མགལ་མེའི་འཁོར་ལོ་ལྟར་ནང་དུ་བསྐོར་ཏེ་མགོའི་སྟེང་དུ་མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་ཕྱིར་བསྟན་ཏེ་བཞག་པ་རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱ་ཏེ། ཤྲདྡྷཱས། ཨོཾ་ཧུ་ལུ་ནི་སྤྱན་འདྲེན་པའོ་ཟེར། སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་བར། རབ་ཞི་བཤེས་གཉེན་གྱིས་མཛད་པར་ཞུགས་ཤིག་པར་བཤད། འདི་རྣམས་ཀྱི་ཕྱག་རྒྱ་འཆའ་བའི་ཚེ་པད་ཀོར་སྔོན་དུ་སོང་ནས་བྱེད་པ་སྟོད་ལུགས་པའི་ཕྱག་ལེན་ཡིན། དམིགས་པ་ཐུགས་ཀ་ནས་རྡོ་རྗེ་སྔོན་པོ་དཔག་ཏུ་མེད་པ་སྤྲོས་ཏེ་སྟེང་ཕྱོགས་སུ་རྡོ་རྗེའི་ཐོག་ཁེབས་གྲུ་བཞི་པ་ཞིག་བསམ་པ་ནི་བཅིང་བའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |