79935

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་འཛིན་མའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། རྒྱུད་ལས། རྡོ་རྗེ་འཛིན་མས་ཞུགས་ནས་ཀྱང། །མེ་ཏོག་ཐོག་ཏེ་སྒོ་ཕྱོགས་འདུག ། ཅེས་གསུངས་པས། རྡོ་རྗེ་ཐལ་མོ་བསྡམས་པ་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེངས་པའི་ཕྱག་རྒྱ་བཅས་ཏེ། སྔགས་ནི། ཨོཾ་སྔགས་ཀྱི་མགོ་འདྲེན་པ། བཛྲ་རྡོ་རྗེ། ས་མ་ཡ་དམ་ཚིག། ཧཱུྃ་ལྷའི་ས་བོན་ཏེ། ཏིང་ངེ་འཛིན་ནི། རང་ཉིད་དཀྱིལ་འཁོར་གྱི་ཁང་པའི་ནང། དཀྱིལ་འཁོར་ཉིད་ཀྱི་མདུན་དུ་པདྨ་དང་ཟླ་བའི་གདན་ལ་འཁོད་པར་བསམ་པའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།