From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གནས་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
སྤྱི་བོ། མགྲིན་པ། སྙིང་ཁའོ། །
|
གནས་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
གནས་ཉེར་བཞི། ཡུལ་སོ་གཉིས། དུར་ཁྲོད་བརྒྱད།
|
གནས་གསུམ་ (3)
| Part of speech
|
མིང་ཚིག
|
| Definition
|
སྐྱེ་མཆེད་ངན་པ་ལ་ལོག་པར་ཆེ་བའི་བདག་ཉིད་དུ་མོས་པ་རྣམས་དང༌། འདུལ་བ་ཐ་མལ་པར་གནས་པ་རྣམས་བཟློག་པར་བྱ་བ་དང༌། བསྟན་པ་ལ་འདུན་པར་བྱེད་པ་བཅས་གསུམ།
|
| Domain
|
ཆོས་ལུགས།
|
གནས་གསུམ་ (4)
| Part of speech
|
མིང་ཚིག
|
| Definition
|
ཤེས་བྱ། ཤེས་པ། རྟོགས་པ་གསུམ་སྟེ། ཤེས་བྱ་ནི། རེག་པའི་སྐྱེ་མཆེད་དྲུག་པོ་རྣམས་ཀྱི་རྟེན་གྱི་ཚུལ་གྱིས་ས་ལ་སོགས་པའི་ཁམས་དྲུག་དང༌། ཡིད་འཇུག་པའི་བྱེད་པ་བཅོ་བརྒྱད་ཀྱི་རྟེན་གྱི་ཚུལ་གྱིས་རེག་པའི་སྐྱེ་མཆེད་དྲུག་དང༌། སེམས་ཀུན་ནས་ཉོན་མོངས་པར་བྱེད་པའི་ཕྱིར་ཡིད་འཇུག་པར་བྱེད་པ་བཅོ་བརྒྱད་དོ། །ཤེས་པ་ནི། སེམས་རྣམས་པར་དག་པའི་ཕྱིར་ཤེས་རབ་ཀྱི་གནས་སོ། །རྟོགས་པ་ནི། ཤེས་རབ་ཀྱི་གནས་ཉིད་ཀྱི་ཕྱིར་བདེན་པའི་གནས་དང་། གཏོང་བའི་གནས་དང༌། ཉེ་བར་ཞི་བའི་གནས་སོ། །བསྟན་འགྱུར་སེམས་ཙམ་ཟི། རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བཏུས།
|
གནས་གསུམ་ (5)
| Part of speech
|
མིང་ཚིག
|
| Definition
|
ཕྱིའི་གནས་གསུམ། ནང་གི་གནས་གསུམ། གསང་བའི་གནས་གསུམ་བཅས་ཡིན།
|
གནས་གསུམ་ (6)
| Part of speech
|
མིང་ཚིག
|
| Definition
|
གནས་ཉེར་བཞི། ཡུལ་སོ་གཉིས། དུར་ཁྲོད་བརྒྱད་དེ། ཡོན་ཏན་རིན་པོ་ཆེའི་མཛོད་འགྲེལ་ཉིན་བྱེད་སྣང་བ་ལས་བྱུང་བ་ཁག་དཔལ་སྤྲུལ་གསུང་འབུམ་ང་པ་ཤ ༣༨ ན ༡ ལས་བཏུས།
|
གནས་གསུམ་ (7)
| Part of speech
|
མིང་ཚིག
|
| Definition
|
མདོ་དགོངས་པ་འདུས་པ་ནས་བསྟན་པའི་ཡིད་ཀྱི་རྣམ་ཤེས་ཀྱི་གནས་གསུམ་སྟེ། ས་བོན་ནམ་བག་ཆགས་ཀྱི་གནས། གོ་འབྱེད་པའི་གནས། ལྷན་ཅིག་འབྱུང་བའི་གནས་སོ། །
|
གནས་གསུམ་ (8)
| Part of speech
|
མིང་ཚིག
|
| Definition
|
མདོ་དགོངས་པ་འདུས་པ་ནས་སྒོ་ལྔའི་རྣམ་ཤེས་ཡུལ་ལ་འཇུག་སྐབས་སུ་ཕྱེ་བའི་གནས་རྣམ་པ་གསུམ་སྟེ། གོ་འབྱེད་པའི་གནས། རྒྱུན་གཅིག་པའམ་ལྷན་ཅིག་འབྱུང་བའི་གནས། བག་ཆགས་ཀྱི་གནས་སམ་ས་བོན་གྱི་གནས་སོ། །
|
གནས་གསུམ་ (9)
| Part of speech
|
མིང་ཚིག
|
| Definition
|
རླུང་དང་། མཁྲིས་པ་དང་། བད་ཀན་གསུམ་ཤས་ཆེར་བརྟེན་ཅིང་ཆགས་ཡུལ་ལུས་ཀྱི་སྟོད་སྨད་བར་གསུམ་ལ་གོ སྤྱི་བོ་ནས་སྙིང་ཁ་ཡན་ལ་བད་ཀན་བརྟེན། ལྟེ་བ་དང་སྙིང་གའི་བར་དེར་མཁྲིས་པ་བརྟེན། སྙིང་ག་དང་ལྟེ་བའི་མན་ཆད་ལ་རླུང་བརྟེན་ནོ། །
|
| Domain
|
གསོ་རིག
|
གནས་གསུམ་ (10)
| Part of speech
|
མིང་ཚིག
|
| Definition
|
ལག་པ། སྤྱི་བོ། མགུལ་བ་གསུམ་མོ། །
|