79951
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དྲུག་པའི་ཆུ་སྦྲུལ་ཕྱི་ལོ་ ༡༣༥༣ ལོར་ས་སྐྱར་ཡབ་ཏཱ་དབེན་ཆོས་ཀྱི་རྒྱལ་མཚན་དང་། ཡུམ་མ་གཅིག་སྲས་སྐྱབས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་དུས་ནས་ཏཱ་དབེན་ཀུན་དགའ་རིན་ཆེན་ལས་རབ་ཏུ་བྱུང་། ཆོས་རྗེ་གཟུངས་པ་ལས་ཡབ་མེས་ཀྱི་ཆོས་ལ་མཁས་པར་སྦྱངས། ལྷག་ཏུ་ཆོོས་སྐྱོང་གི་སྐོར་ལ་མངའ་བརྙེས། སློབ་དཔོན་དཔལ་ལྡན་ཆོས་སྐྱོང་ལས་ཚད་མ་རྣམ་འགྲེལ་སོགས་སྡེ་སྣོད་གསུམ་དང་། བརྟག་གཉིས་སོགས་རྒྱུད་སྡེ་བཞི་ལ་ཐུགས་བརྩོན་མཛད། གདན་ས་ཆེན་པོའི་ཚོགས་དཔོན་དུ་ཡུན་རིང་བཞུགས། སྐྱིད་གྲོང་ཕྱོགས་སུ་ཆོས་འཁོར་བསྐོར། ཟང་ཟིང་གི་འབུལ་བ་གང་བྱུང་ཐམས་ཅད་ཀྱང་དཀོན་མཆོག་གི་ཞབས་ཏོག་དང་། སྐྱེ་བོ་ཉམ་ཐག་རྣམས་ཀྱི་དོན་ཁོ་ན་མ་སྦྱིན་པར་མཛད། དབེན་གནས་མན་ལུང་བྲག་དཀར་དུ་སྒོམ་སྒྲུབ་ཉམས་ལེན་མཛད། ང་གསུམ་པ་རབ་བྱུང་བདུན་པའི་ཤིང་བྱ་ཕྱི་ལོ་ ༡༤༠༥ ལོར་དབེན་གནས་མན་ལུང་བྲག་དཀར་དུ་སྐུ་གཤེགས། |