79960

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་རྣམ་པར་འཇོམས་པ་གཏུམ་པོའི་སྒྲུབ་ཐབས་ (1)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་དངོས་གྲུབ་བརྙེས་པའི་ས་བ་རི་པས་མཛད་པའི་རྡོ་རྗེ་རྣམ་པར་འཇོམས་པ་གཏུམ་པོའི་སྒྲུབ་ཐབས། བལ་པོའི་པཎྜི་ཏ་དེ་བ་པུརྞ་མ་ཏི་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར། ཆོས་ཚན་འདིའི་མཇུག་ཏུ་པེ་ཅིང་པར་མ་ལ་འདི་ལ་ལུགས་མང་ཡང་། ཌཱ་གི་སེང་གེའི་གདོང་པ་ཅན་གྱིས་གདམས་པ། གྲུབ་ཆེན་ས་པཱ་རི་པའི་ལུགས་བྱིན་རླབས་ཆེ་བར་མཁས་པ་རྣམས་ལ་གྲགས་པའོ། །ཞེས་འཁོད། ཆོས་ཚན་འདིའི་འཕྲོར་སྡེ་དཀར་དུ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་སངས་རྒྱས་གསལ་བས་མཛད་པ་འགྱུར་བྱང་མེད་པ། རྣམ་འཇོམས་སྒྲུབ་སྐོར་སློབ་དཔོན་གངྒཱ་དྷ་རས་མཛད་པ་འགྱུར་བྱང་མེད་པ་”གཉིས་ཕྱི་མོ་“མ་བྱུང་ཞེས་དཔེ་མ་རྙེད་པའི་ཆོས་ཚན་གཉིས་འཁོད། བསྟན་འགྱུར་རྒྱུད་ནུ་པར་བཞུགས།