8002

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་གསུམ་གྱིས་རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱ་བ་གསུམ་ (1)
Part of speech མིང་ཚིག
Definition འདུལ་བ་གཞི་ལས་བྱུང་བ་སྟེ། ༡ བདག་གི་ཆེད་དུ་བྱས་པར་མངོན་སུམ་དུ་མཐོང་བ། རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱའོ། ། ༢ ཡིད་ཆེས་པ་ལས་ཁྱོད་ཀྱི་ཆེད་དུ་བྱས་པ་ཡིན་ནོ། །ཞེས་ཐོས་པ། རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱའོ། ། ༣ རང་ཉིད་ཀྱི་བློ་ལ་རྣམ་པར་རྟོག་པ་སྐྱེས་པ་ཚུལ་ལས་འདི་ནི། བདག་གི་ཆེད་དུ་བྱས་པ་ཡིན་ནོ། །སྙམ་དུ་རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱའོ། །
Domain ཆོས་ལུགས།

{{#arraymap:གནས་གསུམ་གྱིས་རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱ་བ་གསུམ་

|; |@@@ | | }}