80041

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་ལྟ་བུའི་སེམས་བསྐྱེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བརྩོན་འགྲུས་ལ་བརྟེན་ནས་གཞན་དོན་བྱེད་པ་ལ་བསམ་པ་བརྟན་པོ་ཐོབ་པའི་སེམས་བསྐྱེད་ཅིག་ལ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་ཅེས་ཟེར། ངོ་བོ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། བརྩོན་འགྲུས་དང་ལྡན་པ་ནི་རྡོ་རྗེ་ལྟ་བུ་ཡིན་ཏེ། ལམ་ལ་ཡིད་ཆེས་པ་བརྟན་པས་མི་ཕྱེད་པའི་ཕྱིར། ཞེས་གསུངས། ས་མཚམས་ནི་ས་བཞི་པ་ནས་ཐོབ་པར་འདོད་དོ། །
Domain ཆོས་ལུགས།

{{#arraymap:རྡོ་རྗེ་ལྟ་བུའི་སེམས་བསྐྱེད་

|; |@@@ | | }}

རྡོ་རྗེ་ལྟ་བུའི་སེམས་བསྐྱེད་ (2)
Part of speech མིང་ཚིག
Definition བརྩོན་འགྲུས་ཀྱི་ཕར་ཕྱིན་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། རྡོ་རྗེ་ཕ་ལམ་ལྟ་བུ་ཡིན་ཏེ། བྱང་ཆུབ་རྒྱུ་འབྲས་ལ་ཡིད་ཆེས་པ་བརྟན་པས་བདུད་ལས་ཀྱིས་མི་ཕྱེད་པར་དེ་འཇོམས་པར་ནུས་པའི་ཕྱིར། ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། ། ཀུན་མཁྱེན་རོང་སྟོན་གྱིས། བརྩོན་འགྲུས་དང་ལྡན་པ་ནི། རྡོ་རྗེ་ལྟ་བུ་སྟེ། ལས་འབྲས་ལ་ཡིད་ཆེས་པ་བརྟན་པས་བདུད་ལས་ཀྱིས་མི་ཕྱེད་པས་སོ། །ཞེས་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། །

{{#arraymap:རྡོ་རྗེ་ལྟ་བུའི་སེམས་བསྐྱེད་

|; |@@@ | | }}