80049
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འབྲས་བུ་ལྷར་བསྐྱེད་པ་ནི། གཞན་ཕན་འོད་ཟེར་ལས། འདིར་ཀུན་ཏུ་འཇུག་པ་རྡོ་རྗེ་སེམས་དཔའ་བསྐྱེད་པར་བྱ་སྟེ་ཞེས་གསུངས་པའི་རྡོ་རྗེ་སེམས་དཔའི་དོན་ནི། སྤྱིར་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ནི་བཅོམ་ལྡན་འདས་རྣམ་པ་སྣང་མཛད་ཡིན་ལ་དེ་ལ་དབྱེ་ན་གཉིས། རྣམ་པར་སྣང་མཛད་དང། རྣམ་པར་སྣང་མཛད་ཆེན་པོའོ། །རྣམ་སྣང་ཆེན་པོ་དེ་ཉིད་གཟུགས་ཀྱི་སྐུར་བཞེངས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ཡིན་ཏེ། དེ་ཉིད་འདུས་པ་ལས། ཨེ་མ་ཧོ་བདག་ནི་རང་བྱུང་བའི། །ཀུན་ཏུ་བཟང་པོ་སེམས་དཔའ་བརྟན། །དེ་ནི་བརྟན་ཕྱིར་ལུས་མིན་ཡང། །སེམས་དཔའི་གཟུགས་སུ་གྱུར་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:རྡོ་རྗེ་སེམས་དཔའ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། གཞི་ལམ་འབྲས་གསུམ་ཀུན་ཁྱབ་ཀྱི་སེམས་ཉིད་བདེ་བ་ཆེན་པོ་འདི་ནི། རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། བདེ་བ་ཆེན་པོ་དེ་ཉིད་འདུས་མ་བྱས་པའི་ཕྱིར་གཞིག་ཏུ་མེད་ལ། རྣམ་པར་རྟོག་པས་མི་བྱེད་པའི་ཕྱིར་རྡོ་རྗེ་ཞེས་པར་བརྗོད་དོ། །སེམས་དཔའ་ནི་དོན་དམ་པའི་འདོད་པ་དང་། གཟུགས་ཁམས་དང་། གཟུགས་མེད་ཅེས་པ་སྲིད་པ་གསུམ་མམ། སྐུ་གསུང་ཐུགས་གསུམ་གྱི་སྲིད་པའི་སྣང་བ་རབ་འབྱམས་ཏེ། སྟོོང་གཟུགས་རྣམ་པ་ཐམས་ཅད་པ་རྣམས་ངོ་བོ་བདེ་བ་ཆེན་པོར་རོ་གཅིག་པ་ཉིད་དོ། །དེ་ཡང་སྟོང་གཟུགས་ཀྱི་སྲིད་གསུམ་ལ། སེམས་དཔའི་སྒྲ་དོན་ཇི་ལྟར་འཇུག་སྙམ་ན། བདེ་བ་ཆེན་པོ་སྟོང་གཟུགས་ལ་སེམས་པའི་ཕྱིར། སེམས་པའི་ཡུལ་གྱི་དོན་ཡང་ཡིན་ཞིང་། སཏྭ་ཞེས་པ་བཅུད་དམ་ཁུ་བ་ལ་ཡང་འཇུག་པས། དོན་དམ་སྲིད་གསུམ་འདི་ཀུན་རྫོབ་སྲིད་གསུམ་གྱི་བཅུད་དུ་ཡོད་པར་ཡང་དགོངས་སོ། །མ་ལུས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོའམ་རྩ་བ་ནི་ཁྱབ་བདག་རྡོ་རྗེ་སེམས་དཔའ་ལྷན་ཅིག་སྐྱེས་པའི་སྐུ་རྡོ་རྗེ་སེམས་དཔའ་དུས་ཀྱི་འཁར་ལོ་ཉིད་དུ་འགྱུར་ཏེ། དཀྱིལ་འཁོར་མཐའ་དག་སྤྲོས་པའི་གཙོ་བོ་ཐམས་ཅད་ཀྱང་འདིའི་རང་བཞིན་དུ་གནས་པའོ། ། |
{{#arraymap:རྡོ་རྗེ་སེམས་དཔའ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྒྱལ་བ་རིགས་ལྔའི་ཡ་གྱལ་རྡོ་རྗེ་རིགས་ཀྱི་གཙོ་བོ་སྟེ། ཕྱག་གཡས་རྡོ་རྗེ་སྙིང་ཁར་གསོར་ཞིང༌། གཡོན་པས་དྲིལ་བུ་དཀུ་ལ་བརྟེན་པ། ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་མདོག་དཀར་གསལ་ཟླ་བའི་མདོག་ཅན་གྱི་ཡི་དམ་རིགས་བརྒྱའི་ཁྱབ་བདག |
{{#arraymap:རྡོ་རྗེ་སེམས་དཔའ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | གསང་སྔགས་རྡོ་རྗེ་ཐེག་པའི་བཀའི་སྡུད་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་ཀྱི་མཚན་གྱི་རྣམ་གྲངས་ཤིག་སྟེ། སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ་བབས་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་ཞེས་ཀྱང་བྱ༔ རྡོ་རྗེ་སེམས་དཔའ་ཞེས་ཀྱང་བྱ༔ གསང་བའི་བདག་པོ་ལག་ན་རྡོ་རྗེ་ཞེས་ཀྱང་བྱ༔ རྡོ་རྗེ་དྲག་པོ་རྩལ་ཞེས་ཀྱང་བྱ༔ མིའི་ཐོད་པ་ཅན་ཞེས་ཀྱང་བྱ༔ བྱང་སེམས་རྡོ་རྗེ་ཐོད་པ་རྩལ་ཞེས་ཀྱང་བྱ༔ ཞེས་གསུངས། |
{{#arraymap:རྡོ་རྗེ་སེམས་དཔའ་
|; |@@@ | | }}