80072

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་སེམས་དཔའི་སྒོམ་བཟླས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཇི་ལྟར་བྱ་བའི་ཚུལ་ནི། བསྟན་བཅོས་སྙིང་པོ་རྒྱན་ལས། སངས་རྒྱས་ཀུན་གྱི་སྐུ་གཅིག་པོ། །པད་དཀར་ཟླ་བའི་དབུས་གནས་པ། །རྡོ་རྗེ་དྲིལ་བུས་རྒྱན་སྤྲས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཤིང་། །ཞེས་པས། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་སྤྲས་པ་ཞིག་བསྒོམ་པར་བསྟན་ནོ། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབ་འགྱུར་བས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པ། །ཞེས་པས་གཉེན་པོ་སྟོབས་བཞི་ཚང་ཞིང་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཉིན་ཞག་རེ་ལ་ཉི་ཤུ་རྩ་རེ་རེ་མ་ཆག་པར་བཟླས་ན་རྩ་ལྟུང་གི་འཕེལ་ཁ་ཆད་པ་དེ་བསྟན། ཐུན་མཚམས་སུ་ནི་སྤྱད་པར་བྱ། །ཞེས་པས་ཡི་གེ་བརྒྱ་པ་བཟླ་བའི་དུས་དེ་བསྟན། འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་པས་འབུམ་ཕྲག་རེ་བཟླས་ན་རྩ་ལྟུང་གི་དྲི་མ་ཡང་མ་ལུས་པར་འདག་པར་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྡོ་རྗེ་སེམས་དཔའི་སྒོམ་བཟླས་

|; |@@@ | | }}