80103

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། རྡོ་རྗེ་བསྡམས་པའི་མཐེ་བོང་གཉིས་བརྐྱང་སྟེ་གཤིབས་པ་རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་དང། སྔགས་ཨོཾ་བཛྲ་ནི་ཏྲི་རྡོ་རྗེ་སྤྱན་མ་ཞེས་བོད་པའོ། །དེས་ཅི་མཛད་ན་བནྡྷ་ཆིངས་ཤིག ། གང་འཆིང་ན་སརྦ་བིགྷྣ་བགེགས་ཐམས་ཅད་དོ། །ཞེས་པའི་སྔགས་རྒྱ་ལན་གསུམ་གྱི་ཚེ་ཕྱག་ལས་ཡེ་ཤེས་ལྔ་ཡི་རང་བཞིན་གྱི་འོད་ཟེར་རྡོ་རྗེ་སྲད་བུ་ལྔས་བགེགས་རྣམས་བཅིང་བས་ལུས་གཡོ་འགུལ་མེད་པ། ངག་རླུང་འབྱུང་རྔུབ་མེད་པ། ཡིད་རྣམ་རྟོག་གི་འགྱུ་བ་མེད་པར་བསམ་མོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །
Domain ཆོས་ལུགས།

{{#arraymap:རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་

|; |@@@ | | }}