80112
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས་རྒྱ་འགྱུར་གྱི་སྐོར། བོད་ཀྱི་ལོ་ཙཱ་བ་ཇོ་ནང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་དཔལ་བཟང་བོ་དང་བི་ཀྲ་མ་ཤཱི་ལའི་པཎྜི་ཏ་ཆེན་པོ་མཉྫུ་ཤྲཱིས་བསྒྱུར་ཞུས་མཛད་པ་ཡིན་ལ། མཛད་པ་པོ་ནི་པཎྜི་ཏ་ཨ་བ་དྷཱུ་ཏཱི་པ་དཔལ་ལྡན་འགྲོ་བའི་མེ་ལོང་ཡིན་ལ། རྗོད་བྱེད་ཀྱི་གཞུང་ལ་པོད་ཆེན་གཅིག་བཞུགས། དེར་དཀྱིལ་འཁོར་གྱི་ཐིག་ཚོན་དང་ཞལ་ཕྱག་གི་ཚད་དབྱིབས་ལུས་དཀྱིལ་གྱི་དམིགས་རིམ་དང་མཆོད་གཏོར་སོགས་ཆོ་གའི་རིགས་མི་འདྲ་བ་དྲུག་ཅུ་རེ་གསུམ་ལྷག་བཏུས་འདུག བསྒྱུར་སྐུལ་གནང་བ་པོ་ནི་དཔལ་ལྡན་བླ་མ་དམ་པ་དྷརྨ་ཀཱིར་ཏི་ཤྲཱི་བྷ་ཏྲས་བསྐུལ་ནས་མཐུན་རྐྱེན་སྦྱར་ཞེས་གསལ། གཞུང་ཚད་ལ་ཤོ་ལོ་ཀ་སྟོང་ཕྲག་དྲུག་ཡོད་ཅེས་ཁོང་གིས་བླང་དོར་རབ་གསལ་སྣང་བའི་རང་འགྲེལ་དུ་གསུངས་འདུག སླར་ཡང་དཔལ་ལྡན་བྱང་ཆུབ་རྩེ་མོའི་ཞབས་རྡུལ་སྤྱི་བོས་ལེན་ཞིང་། གསུང་གི་བདུད་རྩི་འཐུངས་པ་དགེ་སློང་བཛྲ་ཤྲཱིས་ཀྱང་བཅོས་ཤིང་དག་པར་བགྱིས། བསྟན་འགྱུར་རྒྱུད་བུ་པར་བཞུགས། |
{{#arraymap:རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ་
|; |@@@ | | }}