80122
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྡོ་རྗེ་སློབ་མའི་དབང་བསྐུར་ཙམ་ཐོབ་ནས་ཅི་ཞིག་དབང་བ་ཡིན་ཞེ་ན། རང་དོན་དུ་མེ་ཏོག་གང་ལ་ཕོག་པའི་ལྷ་བསྒོམ་པ་དང་། དེའི་སྔགས་བཟླ་བ་དང། དེའི་བཅུ་ཆའི་སྦྱིན་སྲེག་དང། དེ་ལ་བརྟེན་ནས་ཞི་རྒྱས་ལ་སོགས་པའི་ལས་ཚོགས་འགའ་ཞིག་དང། རིལ་བུ་དང་མིག་སྨན་ལ་སོགས་པའི་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་དང། ཕྱག་རྒྱའི་ཡེ་ཤེས་སྒྲུབ་པའི་ཆོ་ག་བསྟན་པ་དང། གསང་སྔགས་རྒྱུད་སྡེ་འོག་མ་འགའ་ཞིག་ཉན་པ་ལ་དབང་བ་ཡིན་གྱི། རྒྱུད་མཐའ་དག་འཆད་པ་དང་དབང་བསྐུར་དང། རབ་གནས་སོགས་སློབ་དཔོན་གྱི་ཕྲིན་ལས་རྣམས་ནི་བྱར་མི་རུང་སྟེ། དེ་དག་སློབ་དཔོན་ཁོ་ནའི་ལས་ཡིན་པའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:རྡོ་རྗེ་སློབ་མའི་དབང་གི་བྱེད་ལས་
|; |@@@ | | }}