80131

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེའི་གདན་བཞིའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། རྡོ་རྗེའི་གདན་བཞིའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་དོན་གཅིག་པ་ཡིན། བརྗོད་བྱ་ནི། ཡེ་ཤེས་དབང་ཕྱུག་མའི་ལམ་བསྐྱེད་རྫོགས་གཉིས་འཕོ་བ་བཅས་ཀྱི་དམིགས་རིམ་རྣམས་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་དབང་ཆུ་ཤིང་སྙེ་མ་ཅན། །མར་པ་ཆོས་བློ་རྔོག་སྟོན་ཆོས་རྡོར་བ། །ཞེ་སྡང་རྡོ་རྗེ་རྒྱ་ཚ་ར་མོ་དང་། །རྔོག་ཚ་ཆོས་སྐུ་དང་ནི་དཀོན་མཆོག་དཔལ། །དྲན་སྟོན་མཐའ་བྲལ་ཤེས་རབ་བཟང་པོ་དང་། །མན་ལུང་གུ་རུ་ཀུན་མཁྱེན་རྣམ་པ་གཉིས། །ཚུལ་ཁྲིམས་མགོན་པོ་རྔོག་སྟོན་བྱང་ཆུང་དཔལ། །བཀྲ་ཤིས་དཔལ་གྲུབ་བོ་དྷི་ཤྲཱིའི་མཚན། །བྱང་ཆུབ་གྲགས་པ་བློ་གྲོས་དཔལ་བཟང་པོ། །ཞེས་སོགས་དང་། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་དང་། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། རྔོག་ཞེ་སྡང་རྡོ་རྗེའི་ཡིག་སྙིང་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:རྡོ་རྗེའི་གདན་བཞིའི་ཁྲིད་

|; |@@@ | | }}