80138
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག རྙིང་མ། རྡོ་རྗེའི་ཆོ་ག་ལྔ་ནི་སྲིད་པ་ཉེ་བར་ལེན་པའི་རྣམ་ཤེས་ཉིང་མཚམས་སྦྱར་ནས་རིམ་བཞིན་ལུས་རྟས་སྟངས་དང་སྦྱར་ན་འདི་ལྟར་གསུངས་འདུག་སྟེ། དཔལ་གསང་བའི་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། དེ་ལྟར་མེར་མེར་པོ་དང་ནུར་ནུར་པོ་གཉིས་རྡོ་རྗེའི་ཆོ་ག་དང་པོའོ། །ལྟར་ལྟར་འཁྲང་འགྱུར་གཉིས་རྡོ་རྗེའི་ཆོ་ག་གཉིས་པའོ། །རྐང་ལག་དང་སྐྲ་དང་བ་སྤུའི་དུས་སུ་ནི་རྡོ་རྗེའི་ཆོ་ག་གསུམ་པའོ། །དབང་པོ་དང་མཚན་མ་དོད་པ་ནི་རྡོ་རྗེའི་ཆོ་ག་བཞི་པའོ། །སླར་རྫོགས་ནས་མངལ་ནས་འབྱུང་བ་ནི་རྡོ་རྗེའི་ཆོ་ག་ལྔ་པའོ། །ཞེས་དང་། ཡང་། སྟོང་པ་ཆེན་པོའི་ཡེ་ཤེས་ཏེ་ཆོ་ག་དང་པོའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཆོ་ག་གཉིས་པའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་ཆོ་ག་གསུམ་པའོ། །སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཏེ་ཆོ་ག་བཞི་པའོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ་ཆོ་ག་ལྔ་པའོ། །ཞེས་ཡེ་ཤེས་ལྔ་དང་སྦྱར་ནས་ཀྱང་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:རྡོ་རྗེའི་ཆོ་ག་ཆེན་པོ་ལྔ་
|; |@@@ | | }}