80139
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག རྙིང་མ། རྡོ་རྗེའི་ཆོ་ག་བཞི་བསྐྱེད་ནི། བསྐྱེད་པའི་ཏིང་ངེ་འཛིན་གྱི་བྱེ་བྲག་ལ་རྒྱས་པ་དང་། འབྲིང་བ་དང་། བསྡུས་པ་དང་། ཤིན་ཏུ་བསྡུས་པ་བཞིར་ཡོད་པ་ལས། དང་པོའི་ཡ་གྱལ་མངལ་སྐྱེས་སྦྱོང་བྱེད་ཀྱི་བསྐྱེད་རིམ་སྟེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། མངལ་སྐྱེས་སྦྱོང་ཕྱིར་མངོན་བྱང་བཞིའམ་ལྔ། །ཞེས་དང་། འོད་གསལ་སྙིང་པོ་ལས། དང་པོ་བསྐྱེད་རིམ་སྒོམ་པའང་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བྱེད་བདག་སྲས་གཞན་སྲས། མངོན་བྱང་ལྔ་བསྐྱེད། རྡོ་རྗེའི་ཆོ་ག་བཞི་བསྐྱེད་སོགས་རྒྱས་པ་དང་། ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:རྡོ་རྗེའི་ཆོ་ག་བཞི་བསྐྱེད་
|; |@@@ | | }}