80148

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེའི་ནག་མོའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། སྔར་གྱི་རྡོ་རྗོ་གནོད་སྦྱིན་གྱི་ཕྱག་རྒྱ་ཁར་བཞག་པ་ནི་རྡོ་རྗེ་དུས་ཀྱི་ཕྱག་རྒྱ་བྱང་བཅིང་བའི་འོ་ཞེས་ཨ་མེས་ཞབས་ཀྱི་ཀུན་རིག་གི་ཆོ་ག་གཞན་ཕན་ལྷུན་གྲུབ་ལས་སོ། ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཁར་བཞག་པ་རྡོ་རྗེ་དུས་ཀྱི་རྒྱའམ་རྡོ་རྗེ་ནག་མོའི་རྒྱ། ཨོཾ་ཧྲཱིཿས་བོན། བཛྲ་ཀ་ལི་རྡོ་རྗོ་ནག་མོ། རུ་ཊ་དྲག་མོས། མ་ཊ་རློགས་ཤིག་ཅེས་པའི་སྔགས་ཀྱི་ཚེ་ཕྱོགས་མཚམས་གཞན་རྣམས་སུ་རྡོ་རྗེའི་ཆར་པ་དཔག་ཏུ་མེད་པ་བབས་ཏེ། བགེགས་ཐམས་ཅད་ཚར་བཅད་ནས། བྱང་ཕྱོགས་སུ་སྟེང་ཐོག་འོག་མ་དང་འབྲེལ་བའི་རྡོ་རྗེའི་ར་བ་ཞིག་གྲུབ་པར་བསམ་མོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །
Domain ཆོས་ལུགས།

{{#arraymap:རྡོ་རྗེའི་ནག་མོའི་ཕྱག་རྒྱ་

|; |@@@ | | }}