80156
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྡོ་རྗེ་སློབ་དཔོན་བཛྲ་པཱ་ཎིའི་ཞལ་སྔ་ནས་མཛད་པའི་རྡོ་རྗེའི་ཚིག རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ལོ་ཙཱ་བ་མཚུར་སྟོན་དགེ་སློང་ཛྙཱ་ན་ཨཱ་ཀ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཆོས་ཚན་འདིའི་འཕྲོར་བུ་སྟོན་དང་། པེ་ཅིང་། སྣར་ཐང་། སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་པཎྜི་ཏ་བཛྲ་པཱ་ཎིས་མཛད་པའི་ལྟ་བ་ངན་སེལ་གྱི་དྲན་པ་ནི་མ་རྙེད་དོ། ། ཞེས་ཕྱི་མོ་མ་རྙེད་པའི་ཆོས་ཚན་གཅིག་གི་མཚན་འཁོད། ཡང་གོང་གི་ཆོས་ཚན་༡༡༣༦པ་ནས་ ༡༡༦༠ པའི་བར་གྱི་ཆོས་ཚན་ཉེར་ལྔ་བཞུགས་པ་ལ་བུ་སྟོན་དང་། པེ་ཅིང་། སྣར་ཐང་། སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་སློབ་དཔོན་གཉིས་མེད་རྡོ་རྗེའི་གསུང་ཆོས་སྣ་ཉི་ཤུ་རྩ་གཉིས་ཞེས་དང་། དེའི་ཐོག་ལ་ཆོས་ཚན་ ༡༡༦༡ ༡༡༦༢ ༡༡༦༣ གསུམ་དང་། དཔེ་མ་རྙེད་པའི་ལྟ་བ་ངན་སེལ་གྱི་དྲན་པ་བཅས་སློབ་དཔོན་གཉིས་མེད་རྡོ་རྗེའི་རྗེས་སུ་འབྲང་བ་བཀས་བསྐུལ་བའི་ཆོས་བཞི་བསྣན་པ་ལ་ཨ་མ་ན་སེ་ཀ་རིའི་སྐོར་གྱི་ཆོས་སྣ་ཉི་ཤུ་དྲུག་ཅེས་བགྲང་བ་རྣམས་དཀར་ཆག་དེ་དག་ཏུ་ཆོས་ཚན་ ༡༡༥༤ པ་འདི་ཨ་མ་ནས་གྱི་སྐོར་དུ་མི་བགྲང་བར་སྣང་ཞེས་དང་། ཆོས་ཚན་ ༡༡༥༩ པ་འདི་གཞན་རྣམས་མི་བགྲང་སྣང་ཞེས་གསུངས་པ་གཉིས་ཕུད་ན་ཆོས་ཚན་ ༡༡༣༦ པ་ནས་ ༡༡༦༠ པའི་བར་ད་དུང་ཆོས་ཚན་ཉེར་གསུམ་སྟེ་སློབ་དཔོན་གཉིས་མེད་རྡོ་རྗེའི་གསུང་ཆོས་ཚན་གཅིག་གི་ཐོད་མི་ཐུག་པ་དང་། ཆོས་ཚན་ ༡༡༣༦ པ་ནས་ ༡༡༦༣པའི་བར་དང་། དཔེ་མ་རྙེད་པའི་ལྟ་བ་ངན་སེལ་གྱི་དྲན་པ་བཅས་ལ་ཆོས་ཚན་ཉེར་བདུན་ཏེ་ཨ་མ་ན་སེ་ཀ་རིའི་སྐོར་ལའང་ཆོས་ཚན་གཅིག་གིས་ཐོད་མི་ཐུག་གོ ། བསྟན་འགྱུར་རྒྱུད་ཝི་པར་བཞུགས། |
{{#arraymap:རྡོ་རྗེའི་ཚིག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཞེ་ས། དོན་ལ་གནས་པའི་གཏམ། |
{{#arraymap:རྡོ་རྗེའི་ཚིག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཆོས་ལུགས། གསང་སྔགས་ཀྱི་བརྗོད་བྱ་དམིགས་བསལ་རྣམས་སྟོན་པའི་ཅིང་བརླིང་བའི་ཚིག |
{{#arraymap:རྡོ་རྗེའི་ཚིག་
|; |@@@ | | }}