80173

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེའི་རྣལ་འབྱོར་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་གཟུགས། ཆོས་ཉིད་དོན་དམ་པའི་སངས་རྒྱས་རྡོ་རྗེ་འཛིན་ཆེན་པོའི་སྐུ་རྡོ་རྗེའི་རྣམ་ཆ་མཐོང་བ་དང་། གསུང་རྡོ་རྗེ་ཉམས་སུ་མྱོང་པར་བྱེད་པ་དང་། ཐུགས་རྡོ་རྗེ་དང་། ཡེ་ཤེས་རྡོ་རྗེར་རང་ཉིད་ཞུགས་བའི་སྒོ་ནས་གདོད་མའི་རྡོ་རྗེ་བཞི་པོ་དེ། སྒྲུབ་པ་པོས་མངོན་དུ་བྱེད་པའི་ཐབས་ཡིན་པའི་ཕྱིར། རྡོ་རྗེའི་རྣལ་འབྱོར་ཞེས་བྱའོ། །
Domain ཆོས་ལུགས།

{{#arraymap:རྡོ་རྗེའི་རྣལ་འབྱོར་

|; |@@@ | | }}

རྡོ་རྗེའི་རྣལ་འབྱོར་ (2)
Part of speech མིང་ཚིག
Definition འདིར་རིག་འཛིན་གྱི་སྡེ་སྣོད་ལ་བཤད་པ་སྟེ། དཔུང་བཟང་གིས་ཞུས་པ་ལས། ལྷ་དང་ལྷ་མིན་མི་ལ་ཕན་གདམས་ཕྱིར། གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། རིག་འཛིན་སྡེ་སྣོད་བཤད་པར་རྒྱལ་བས་གསུངས་ཞེས་དང་། སློབ་དཔོན་ཤྲི་དྷཱ་ཀ་རས། དེ་ལ་གསང་སྔགས་ཀྱི་ཐེག་པའི་སྡེ་སྣོད་ནི་ཐེག་པ་གསུམ་དུ་མ་གཏོགས་པར་འདོད་དེ། དེ་ནི་རིག་འཛིན་གྱི་སྡེ་སྣོད་ཅེས་གྲགས་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཞན་ཡིན་ནོ་ཞེས་གསུངས་པ་ལྟར་མདོ་སྡེ་འདུལ་བ་མངོན་པ་གསུམ་དང་རིག་འཛིན་གྱི་སྡེ་སྣོད་དེ་བཞི་ཡོད་པར་གསུངས།

{{#arraymap:རྡོ་རྗེའི་རྣལ་འབྱོར་

|; |@@@ | | }}