80175

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེའི་རྣལ་འབྱོར་བཞི་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། སོར་སྡུད་དང་བསམ་གཏན་སྐུ་རྡོ་རྗེ་སྒྲུབ་པའི་ཐབས་ཀྱི་རྣལ་འབྱོར་ཏེ། དེ་བཞིན་གཤེགས་པའི་སྐུ་ནི་སྟོང་གཟུགས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང། སྲོག་རྩོལ་དང་འཛིན་པ་ནི་གསུང་རྡོ་རྗེ་སྒྲུབ་པའི་ཐབས་ཀྱི་རྣལ་འབྱོར་ཏེ། སངས་རྒྱས་ཀྱི་གསུང་ནི་གཞོམ་མེད་ཀྱི་ན་ད་ཉིད་སྒྲ་སྐད་ཐམས་ཅད་དུ་འཆར་བ་ཡིན་པའི་ཕྱིར་དང། རྗེས་དྲན་ནི་ཐུགས་རྡོ་རྗེ་སྒྲུབ་པའི་ཐབས་ཀྱི་རྣལ་འབྱོར་ཏེ། རྒྱལ་བའི་ཐུགས་ནི་སྟོང་ཉིད་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར་དང། ཏིང་ངེ་འཛིན་ནི་ཡེ་ཤེས་རྡོ་རྗེ་སྒྲུབ་པའི་ཐབས་ཀྱི་རྣལ་འབྱོར་ཏེ། བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་རྡོ་རྗེ་ནི་དོན་དམ་པའི་བདེ་ཆེན་ཉིད་ཡིན་པས་སོ། །
Domain ཆོས་ལུགས།

{{#arraymap:རྡོ་རྗེའི་རྣལ་འབྱོར་བཞི་

|; |@@@ | | }}