80189

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེའི་སྤུན་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རྡོ་རྗེའི་སྤུན་ནི། མཆེད་ལྕམ་དྲུག་གི་ཡ་གྱལ་འདྲེས་པའི་མཆེད་དམ་གསང་སྔགས་ཀྱི་དབང་ལྷན་ཅིག་ཏུ་ཞུས་པའི་མཆེད་གྲོགས་ལ་གསུངས་ཏེ། ཕྱོགས་བཅུའི་མུན་སེལ་ལས། དབང་ལྷན་ཅིག་ཏུ་ཞུས་པ་ནི་འདྲེས་པའི་མཆེད་དེ་རྡོ་རྗེའི་སྤུན་ནོ། །ཞེས་དང་། ཁྱད་པར་དུ་རྡོ་རྗེའི་སྤུན་ལ་བརྩེ་གདུང་བྱ་བ་སྟེ། རྔམ་ཀློག་ལས། རྡོ་རྗེའི་སྤུན་ལ་གདུང་སེམས་ཀྱང་། །འདྲེེས་དང་མ་འདྲེས་ཡོངས་ཀྱི་སྤུན། །ཡང་དག་ལམ་དུ་ཞུགས་པ་ལ། །རྔན་དང་བཅས་ཀྱི་སེམས་ཙམ་ཡང་། །རྟག་ཏུ་སྤང་བར་བྱ་བ་ཡིན། །བརྩེ་ཞིང་གདུང་བའི་ཤུགས་ཕྱུང་ལ། །གཅིག་ལ་གཅིག་ནི་མིག་བཞིན་བལྟ། །མདོར་ན་སྲོག་ལའང་མི་ཆགས་པར། །སྤུན་དང་མིང་སྲིང་དགོས་པ་བསྒྲུབ། །ཅི་ཕྱིར་རྡོ་རྗེ་སྤུན་རྣམས་ནི། །འདི་ནས་བྱང་ཆུབ་བར་དག་ཏུ། །མི་འབྲལ་འགྲོགས་པའི་གྲོགས་མཆོག་སྟེ། །མེ་མར་འོད་དང་སྡོང་བུ་འདྲ། །ཞེས་སོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྡོ་རྗེའི་སྤུན་

|; |@@@ | | }}