80197

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྫོང་དགོན་ཐུབ་བསྟན་མདོ་སྔགས་རབ་རྒྱས་ཆོས་གླིང་ (1)
Part of speech མིང་ཚིག
Definition འབྲུག་པ་བཀའ་བརྒྱུད། དགོན་འདི་ནི་བོད་མདོ་ཁམས་གོ་འཇོ་རྫོང་། མདོ་དྲུག་སྟོད་པ་ལེ་མདའ་གྲོང་ཚོའི་ས་ཆ་གཙང་ལུང་ཁར་ཆགས་ཡོད། རྡོ་རྫོང་སྐུ་ཕྲེང་དང་པོའམ་ནང་སོ་དཀོན་མཆོག་རྒྱལ་པོ་མཆོག་ནི། ཡོངས་འཛིན་ངག་དབང་བཟང་པོ་རྗེ་ལྷ་བརྩེ་བའི་སློབ་མ་སྒོམ་མེད་རྟོགས་པའི་མི་དགུ་དང༌། རྗེས་ཐོབ་ལམ་དུ་ལྷོང་བ་བཞི་བཅུ་ཞེ་ལྔའི་ཡ་གྱལ་ཞིག་ཡིན། ཡོངས་འཛིན་ངག་དབང་བཟང་པོ། (མེ་རྟ་ ༡༥༤༦ ལོར་འཁྲུངས། ཤིང་ཡོས་ ༡༦༡༥ ལོར་གཤེགས། ) སྤྱི་ལོའི་དུས་རབ་བཅུ་དྲུག་པའི་མཇུག་དང་བཅུ་བདུན་པའི་མགོ་སྟོད་དུ། ཁམས་རེ་ཁའི་ཡུལ་བྱང་ཆུ་མ་ཁར་ཞེས་པའི་སར་ཕེབས་པ་ན། རེ་ཁེ་ཕྱི་སོའི་ཇག་པ་མི་དགུ་རྟ་བཅུ་དང་འཕྲད་དེ། སྐུ་ལ་བསྡོ་བའི་གནོད་འཚེས་མ་ཚུགས་པར། དད་ནས་ཡུལ་དུ་འབྱོན་དགོས་པའི་གསོལ་བ་ནན་གྱིས་བཏབ་པས་མཐར་ཞལ་བཞེས་ཐོབ་སྟེ་རེ་ཁེ་ཕྱི་སོའི་ཡུལ་དུ་གདན་དྲངས་ནས། སློབ་དཔོན་པདྨས་བྱིན་གྱིས་བརླབས་པའི་གནས་རྡོ་རྗེ་རྫོང་དུ་དགོན་ཆག་བཏབ་པས་གནས་མིང་བླ་མ་ལ་ཐོག་ཏེ། རྡོ་རྗེའི་རྫོང་པ་རིན་པོ་ཆེ་ཞེས་པའི་མིང་ཐོག་མར་དེ་ནས་བྱུང་། རྒྱ་གར་ཨོ་རྒྱན་སོགས་སུ་ཕེབས་པས་རྒྱལ་ཁམས་པ་དཀོན་མཆོག་རྒྱལ་པོ་ཞེས་གྲགས། རྟ་ར་རྩིབས་དང་མེ་ལོང་གདོང༌། །དགོན་འགོ་ལ་སོགས་དགོན་སྡེ་བཏབ། །དགོན་མ་ལག་བུ་དགུའི་འབྲེལ་བ་བྱུང༌ཞེས་ཕྲིན་ལས་ཤིན་ཏུ་རྒྱས། སྐུ་ཕྲེང་གཉིས་པ་ཕྲིན་ལས་བསྟན་འཛིན། གསུམ་པ་བདེ་མཆོག་ཆོས་རྒྱལ། བཞི་པ་ཐུབ་བསྟན་རྒྱལ་མཚན་གྱི་བར་དུ་གདན་ས་དེ་ཉིད་དུ་མཛད། ལྔ་པ་སྒྲུབ་བརྒྱུད་རིན་ཆེན་གྱི་དུས་སུ་གོ་འཇོ་ལེ་མདའ་ལྡིང་དཔོན་གྱི་ས་ཁོངས་ཅི་མཛོ་ཐང་དུ་དགོན་གནས་སྤོ་བཞུགས་གནང་། ཁམས་སྒར་ལུགས་ཀྱི་འདོན་ཆོག་སོགས་ད་ལྟའི་བར་དུ་ཕྱག་སྲོལ་ཉམས་མེད་གནས་ཡོད། དེར་སྐུ་ཕྲེང་དྲུག་པ་དཀོན་མཆོག་ཆོས་རྒྱལ། བདུན་པ་འཇིགས་མེད་རྡོ་རྗེ། བརྒྱད་པ་གྲུབ་དབང་དཔལ་ལྡན་དོན་བརྒྱུད་བསྟན་འཛིན་བཅས་དང་། འབྲས་མོ་སྤྲུལ་སྐུ་ཕྲེང་བདུན་བཅས་ཀྱིས་དགོན་གནས་དེར་གདན་ས་གནང་། སྐུ་ཕྲེང་བརྒྱད་པ་སྐུ་ན་ཕྲ་བའི་དུས་ནས་དགོན་སྡེ་སྤྱི་མཚུངས་བཞིན་རྒྱ་དམར་གྱི་དུས་འགྱུར་སྐབས་ཉམས་ཆག་ཆེན་པོར་ཕྱིན་ནས། ཕྱི་གཙུག་ལག་ཁང་ནང་དགེ་འདུན་སྐུ་གསུང་ཐུགས་རྟེན་དང་བཅས་པ་མིང་གི་ལྷག་མ་ཙམ་དུ་གྱུར་འདུག སླར་ཡང་གུ་ཡངས་ཀྱི་སྲིད་ཇུས་མགོ་བཙུགས་ནས་སྐུ་ཕྲེང་བརྒྱད་པས་ཕྱི་ལོ་ ༡༩༨༣ ལོར་གཙང་ལུང་ཁར་གནས་སྤོ་མཛད་པ་མ་ཚད། བྱེས་སུ་འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་ཁོངས་སུ། ཆུ་ལུགས ༢༠༠༣ ལོར། ཧི་མ་ཅལ་ཀང་ར་བྷ་སལ་བྱང་ཆུབ་ལྗོངས་སུ། བྱེས་ཀྱི་རྡོ་རྫོང་དགོན་ཐུབ་བསྟན་མདོ་སྔགས་རབ་རྒྱས་ཆོས་གླིང་གི་གདན་ས་གསར་པ་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གནང་ནས་དེང་གི་ཆར་འཁོར་ལོ་གསུམ་གྱི་མཛད་འཕྲིན་བར་མི་ཆད་པར་གནང་བཞིན་ཡོད་འདུག། །

{{#arraymap:རྡོ་རྫོང་དགོན་ཐུབ་བསྟན་མདོ་སྔགས་རབ་རྒྱས་ཆོས་གླིང་

|; |@@@ | | }}