80218
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་གཉིས་པའི་མེ་ལུག་ཕྱི་ལོ་ ༡༡༢༧ ལོར་ཤབ་ཀྱི་དྲུང་མདའི་ཐུ་ལུང་དུ་འཁྲུངས། རབ་བྱུང་གསུམ་པའི་ཤིང་སྦྲུལ་ཕྱི་ལོ་ ༡༡༨༥ ལོར་སྐུ་གཤེགས། དགེ་བཤེས་ཤ་ར་བ་ཆེན་པོ་ལས་བཀའ་གདམས་ཀྱི་ཆོས་མ་ལུས་གསན། དགུང་ལོ་བཞི་བཅུའི་ཐོག་ནས་སྣར་ཐང་གི་གདན་ས་གནང་། ང་དགུ་པར་ལོ་ངོ་ཉི་ཤུའི་རིང་དུ་ཚོགས་དཔོན་མཛད་པས་སྣར་ཐང་བ་ཆེན་པོ་ཞེས་གྲགས། ཚོགས་དབུས་སུ་བཀའ་གདམས་ཀྱི་བསྟན་པ་གསལ་བར་མཛད། གདུང་རྟེན་ནི་གདན་རབས་དང་པོའི་གདུང་རྟེན་གྱི་ཤར་ན་བཞུགས། དཔལ་སྣར་ཐང་དགོན་པའི་གདན་རབས་གཉིས་པ་ཡིན། |
{{#arraymap:རྡོ་སྟོན་ཤེས་རབ་གྲགས་པ་
|; |@@@ | | }}