80262

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོར་དགེ་དགོན་ (1)
Part of speech མིང་ཚིག
Definition བྲག་གདོང་ལྔ་འདྲ་བའི་མདུན་དུ་བཏབ་ཡོད་པས་བྲག་དཀར་སེང་གེ་དགོན་ཞེས་གྲགས། དགོན་འདི་མཚོ་ཕུ་དགོན་པའི་དགོན་ལག་ཡིན་གཤིས། ཀཿཐོག་སི་ཏུ་རིན་པོ་ཆེའི་ཕྱག་མཆན་ཟིན་ཐོ་ཞིག་ཏུ་ལྷོ་ཕྱོགས་དགོན་ལག་གི་གྲས་སུའང་དགོན་འདི་བགྲངས་ཡོད། དགོན་འདིའི་ཕྱག་འདེབས་པ་པོ་ནི་གྲུབ་ཆེན་ཆོས་དབྱིངས་རང་གྲོལ་གྱི་སློབ་མ་ཀརྨ་རྡོ་རྗེས་བཏབ། ཀརྨ་ཆོས་དཔལ་སོགས་དགོན་འདིའི་བླ་རྒྱུད་གཙོ་བོར་ཆགས། དེའི་རྗེས་སུ་རྨ་རྒོད་འཆི་མེད་རྣམ་རྒྱལ་གྱིས་སྨྱུང་གནས་ལྷ་ཁང་ཞིག་ཀྱང་བཏབ། སྦྱོར་དྲུག་སྤྲུལ་སྐུ་དང་སྤུན་གསུམ་སྤྲུལ་སྐུ་སོགས་བླ་མ་འགའ་བྱོན་ཡང་བསྟན་པ་ཆེར་མ་དར། དུས་འགྱུུར་གོང་དུ་དགོན་འདིར་གྲྭ་པ་སུམ་ཅུ་ལྷག་དང་། དེ་མིན་སྐུ་གསུང་ཐུགས་རྟེན་དང་མཆོད་ཆས་འཆམ་གོས་རོལ་ཆས་སོགས་རང་རྐང་ཚུགས་པ་ཡོད་ཀྱང་ཐམས་ཅད་དུས་འགྱུར་སྐབས་མིང་གི་ལྷག་མ་ཙམ་དུ་གྱུར། དེང་སྐབས་སུ་མཆོག་སྤྲུལ་རིག་འཛིན་རྡོ་རྗེ་གཙོས་བླ་སྤྲུལ་རྣམས་ཀྱིས་སྔར་གྱི་དགོན་རྙིང་གི་ཉེ་སར་དགོན་པ་གསར་བཞེངས་བྱས། སྨིན་གླིང་རྡོར་སེམས་ཞག་བདུན་དང་། བཀའ་བརྒྱད་བདེ་གཤེགས་སྙིང་པོའི་གཏོར་བཟློག་ཞག་བདུན་གྱིས་རྐྱེན་པའི་སྒྲུབ་མཆོད་བཙུགས།

{{#arraymap:རྡོར་དགེ་དགོན་

|; |@@@ | | }}