80266
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། བྱེད་པོ་རྡོ་རྗེ་སློབ་དཔོན་གྱིས། །ལས་སུ་བྱ་བ་སློབ་མ་ལ། །བྱེད་པ་གནས་ལྷོ་སྒོའི་ས་ལ། །རྫས་ཕྱག་མཚན་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དུས་འཁོར་ཡབ་ཡུམ་དུ་བྱིན་གྱིས་བརླབས་པ། སྔགས་ཨོཾ་ཧཱུཾ་ཧོཿསོགས། ཏིང་ངེ་འཛིན་གཙོ་བོ་ཡབ་ཡུམ་གྱི་རང་བཞིན་རྡོ་རྗེ་དང་རྡོ་རྗེ་དྲིལ་བུའི་དབང་བསྐུར་བས། བྱ་བ་གནས་སྐབས་སུ་སློབ་མའི་ཉི་ཟླའི་རྩ་རོ་རྐྱང་བློ་ངོར་གཙོ་བོ་ཡབ་ཡུམ་གྱི་སྐུར་རྫོགས་པས་མ་དག་པའི་ཉི་ཟླའི་རྩ་རོ་རྐྱང་སྦྱོང་བ་དང་། མཐར་ཐུག་གཙོ་བོ་ཡབ་ཡུམ་གྱི་གོ་འཕང་མྱུར་དུ་ཐོབ་པའི་རྟེན་འབྲེལ་འགྲིག་པས་སྨིན་ཚུལ་ཁྱད་པར་ཅན་དུ་བྱས་པའི་སློབ་མའི་རྒྱུད་ནི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུའི་དབང་ངོ་། ། |
Domain | ཆོས་ལུགས། |
{{#arraymap:རྡོར་དྲིལ་གྱི་དབང་གི་ངོ་བོ་
|; |@@@ | | }}