80267

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོར་དྲིལ་བྱིན་རླབས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། རང་ཞེ་སྡང་རྡོ་རྗེར་བསྐྱེད་ནས་རྡོར་དྲིལ་བྱིན་གྱིས་བརླབ་པ་ལ་ཆོས་ཅན། དགོས་པ་ཡོད་དེ། སྒྲུབ་ཐབས་ཀྱི་ཐོག་མ་ནས་བཟུང་སྟེ་རང་དམ་ཚིག་གསུམ་དང་མ་བྲལ་བ་ཞིག་དགོས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ཡང་རྡོ་རྗེས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན། དྲིལ་བུས་སྟོང་ཉིད་རྟོགས་པའི་ཤེས་རབ་མཚོན། མཚོན་དོན་དེ་ལྟར་དྲན་པའི་སྒོ་ནས་རྡོར་དྲིལ་ལག་ཏུ་འཛིན་པ་ནི་མཚོན་དོན་གྱི་སྒོ་ནས་བྱིན་གྱི་བརླབ་པ་ཡིན་ལ། རྡོར་དྲིལ་བྱིན་གྱིས་བརླབ་པའི་སྔགས་དང་ཚིགས་བཅད་རྣམས་ནི་བཤད་རྒྱུད་རྡོ་རྗེ་གུར་དང་། སཾ་བྷུ་ཊ་ལས་བཤད་པ་ལྟར་འདིར་བཀོད་པ་ཡིན་ནོ། ། དེའི་སྔགས་དང་ཚིགས་བཅད་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་སིངྔྷ་བཛྲ་ཞེས་སོགས་ཡིན་ལ། དེ་དག་གི་དོན་ནི་ཨོཾ་དེ་ལ་ཨ་ཨུ་མ་གསུམ་ཡོད་པ་ནི། ཨཱཿས་སྐུ་རྡོ་རྗེ་མཚོན། ཨུས་གསུང་རྡོ་རྗེ་མཚོན། མས་ཐུགས་རྡོ་རྗེ་མཚོན། དེ་ཡང་ཨ་ལ་ཨུ་བཅུག་པས་ཨོ་དང་དེ་ལ་མ་ཡིག་ཐིག་ལེ་བྱིན་པས་ཨོཾ་ཞེས་གཅིག་ཏུ་བྱས་པས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་དེ་མཚོན། མཚོན་དོན་དེ་ལྟར་དྲན་པའི་སྒོ་ནས་ཨོཾ་ཞེས་ལན་གཅིག་ངག་ཏུ་བརྗོད་པས་རང་རྒྱུད་ལ་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ལེན་ཅིང་འཛིན་པར་བྱེད་པས་ན་ནོར་བུ་འཛིན་པའི་སྔགས་སུ་བཤད་དོ། ། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། སིངྔྷི་བཛྲ་ནི་གྲུབ་པའི་རྡོ་རྗེ། ས་མ་ཡ་ནི་དམ་ཚིག ཏིཥྛ་ནི་ཉེ་བར་མནོས་ཤིག ཨེ་ཥ་སྟྭཾ་ནི་མི་འདའ་བར། ངྷ་ར་ཡ་མི་ནི་བཟུང་བར་བགྱིའོ། ། བཛྲ་སཏྭ་ནི་རྡོ་རྗེ་སེམས་དཔའ། ཧཱུཾ་གསུམ་ནི་སྐུ་གསུམ་ཐུགས་ཀྱི་རྡོ་རྗེ་གསུམ་མཚོན། ཧི་ལྔས་དེ་ལ་ལྡོག་པའི་སྒོ་ནས་ཕྱེ་བའི་ཡེ་ཤེས་ལྔ་ཡོད་པ་དེ་མཚོན། བཛྲ་གྷཱཎྜ་ནི། ཆོས་ཐམས་ཅད་བདེན་སྟོང་དུ་དྲིལ་ནས་མཉམ་པར་རྟོགས་པའི་ངེས་དོན་གྱི་དྲིལ་བུ་དེ་མཚོན། ཧོ་ནི་དགྱེས་བཞིན་པའི་དོན་དང་། ཧཱུཾ་གིས་ངེས་དོན་གྱི་རྡོ་རྗེ་ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་དེ་མཚོན། དེ་འདྲ་བའི་ངེས་དོན་གྱི་རྡོར་དྲིལ་གཉིས་པོ་དེས་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་ཐུགས་མཉེས་པར་བྱེད་པའམ་བསྐྱེད་པའི་དོན་ནོ། །
Domain ཆོས་ལུགས།

{{#arraymap:རྡོར་དྲིལ་བྱིན་རླབས་

|; |@@@ | | }}