8027

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་ཆུང་དགོན་ (1)
Part of speech མིང་ཚིག
Definition ཐོག་མར་འབྲས་སྤུངས་བདེ་ཡངས་ཀྱི་མཁན་པོ་ལྕོག་པ་བྱང་ཆུབ་དཔལ་ལྡན་གྱིས་ཕྱག་བཏབ་པ་ཡིན། ད་ལྟའི་གནས་ཆུང་སྒྲ་དབྱངས་གླིང་འདི་ཉིད་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་བྱི་ཕྱི་ལོ་ ༡༦༦༠ ནས་ས་སྤྲེལ་ཕྱི་ལོ་ ༡༦༦༨ བར་ལོ་དགུའི་རིང་སྡེ་སྲིད་འཕྲིན་ལས་རྒྱ་མཚོའི་དུས་སྐབས་སུ་རྩིག་རྨང་བཏིང་གྲུབ་རུང་ཆོས་སྐྱོང་ནས་ངའི་གནས་གཞི་ལས་སྔགས་ཁང་རྒྱག་དགོས་ཚུལ་གསུངས་པས་ལུས་ཤིང༌། དེ་རྗེས་རྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོས་བཀའ་སྩལ་བ་ལྟར་ཐོག་མའི་ཤོག་ཕྲ་དང་བཅས་གང་ཅིའི་ལྗགས་བཀོད་སྡེ་སྲིད་སངས་རྒྱ་མཚོ་རང་ནས་གནང་ཞིང༌། ལས་གྲ་དོ་དམ་སྐྱིད་སྟོད་པ་བསྟན་པ་རྒྱལ་མཚན་དང༌། ཕུ་ལུང་པ་ཕུན་ཚོགས་སྐལ་བཟང༌། དེ་བཞིན་རྡོ་ཤིང་ལས་མི་ཁྱོན་ལྔ་སྟོང་ནས་ལྕགས་བྱ་ཕྱི་ལོ་ ༡༦༨༡ ལ་འགོ་བཙུགས་ཏེ་དེའི་ཕྱིར་ལོ་བཟོ་སྟོན་ལྟར། ཆུ་ཕག་ཕྱི་ལོ་ ༡༦༨༣ ལ་རྟེན་དང་བརྟེན་པར་བཟོ་སྣ་བརྒྱད་ཀྱིས་འཕགས་པའི་ངོ་མཚར་ཁྱད་ཆོས་དང་བཅས་ཏེ་བསྐྲུན་ཟིན་པ་དང༌། ལོ་དེའི་བོད་ཟླ་དགུ་པའི་ཚེས་བཅུ་བཞི་ཉིན་དགེ་སློང་འཇམ་དབྱངས་གྲགས་པས་རྡོ་རྗེ་སློབ་དཔོན་གནང་སྟེ་ཕན་བདེ་ལེགས་བཤད་གླིང་གི་འདུས་ཚོགས་ཀྱིས་རབ་གནས་ཀྱི་ཆོ་ག་རྒྱས་པ་དང་བཅས་ལེགས་པར་གྲུབ་ཅིང༌། དེ་སྐབས་དེ་སྔའི་གནས་ཆུང་གཡུ་ལོ་བཀོད་དགོན་དང་སྒྲོ་སྡོང་ལྷ་ཁང་ཞེས་པ་གཅིག་ཏུ་སྒྲིལ་ཏེ་དགོན་མིང་དུ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་ཞེས་གསོལ། དགོན་པའི་ནང་མི་སྣ་མཐོ་ཤོས་གནས་ཆུང་སྐུ་རྟེན་ཏཱ་བླ་མ་དང༌། དེ་ནས་རིམ་བཞིན་གནས་ཆུང་སྡེ་པའམ་གཉེར་པ། མཆོག་སྤྲུལ་རིན་པོ་ཆེ། སློབ་དཔོན། དབུ་མཛད། དགེ་བསྐོས། གནས་སྐྱོང་གི་དྲུང་ཡིག་དང་སྐུ་མདུན་ཞེས་ཆོས་སྐྱོང་སྐུ་ཕེབས་སྐབས་ཞབས་ཞུ་བ་གཉིས་བཅས་ཡོད་པ་དང༌། དགེ་འདུན་གྱི་ཞལ་གྲངས་ནི་སྡེ་སྲིད་སྐབས་བརྒྱ་དང་གཅིག་འཛུགས་པ་གནང་བ་ནས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་གྲངས་བརྒྱ་དང་བཅོ་ལྔའི་ཚད་གཞི་བཟོ་གནང་མཛད། སྒྲིག་ལམ་ཐད་ལོ་ལྟར་ཟླ་གཅིག་རིང་གི་དགུང་སེང་དུས་ཚོད་ལས་རྣམ་ཀུན་ཕར་ཚུར་གང་བྱུང་འགྲོ་བསྐྱོད་མི་ཆོག་ཅིང༌། གལ་ཏེ་དམིགས་བསལ་གྱི་དོན་གནད་ཡོད་ཚེ་དགོངས་ཞུ་བྱེད་དགོས། གྲྭ་ཤག་ཏུ་རང་གི་ནང་མིར་ཡང་ཞག་སྡོད་གནས་གཡར་མི་ཆོག་པ་དང༌། གྲྭ་ཤག་ནང་སྨན་ཆུ་སྐོལ་རྒྱུའི་མེ་གཏོང་དགོས་ནའང་གནང་བ་ཞུ་དགོས་པ་སོགས་འདུལ་ཁྲིམས་དམ་པོས་འདུལ་སྡེ་སྐྱོང་ཞིང༌། གྲུབ་མཐའ་ས་དགེ་རྙིང་གསུམ་རིས་མེད་དུ་བཞེད་ཅིང༌། དགོན་བདག་ཡིག་ཚང་ལས་ཁུངས་ནས་བྱེད་པས་གཞུང་དགོན་ཡིན།

{{#arraymap:གནས་ཆུང་དགོན་

|; |@@@ | | }}