8032

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་ཆེན་པོ་དྲུག་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། གནས་ཆེན་པོ་དྲུག་ནི། བདེ་བར་གཤེགས་པའི་སྐུ་ལས་འོད་ཟེར་འཕྲོ་སའི་གནས་དྲུག་སྟེ། གཙུག་ཏོར་དང་། སྨིན་མཚམས་དང་། མགུར་དང་། ཐུགས་ཀ་དང་། ལྟེ་བ་དང་། ཞབས་མཐིལ་ལོ། །དེ་ཡང་ཕྱོགས་བཅུའི་མུན་སེལ་ལས། འོད་ཟེར་ཇི་ལྟར་འཕྲོ་བ་ནི་སྐུ་དེ་དག་གི་གནས་ཆེན་པོ་དྲུག་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་འོད་ཟེར་གྱི་ཚོགས་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་ཕྱོགས་བཅུར་འཕྲོ་བའི་འོད་ཟེར་གྱི་ཚོགས་ཆེན་པོ་མུ་མེད་པས་སྣང་བར་གྱུར་པའོ། །དེའང་གནས་དྲུག་ནི། གཙུག་ཏོར། སྨིན་མཚམས། མགུར། ཐུགས་ཀ ལྟེ་བ། ཞབས་ཀྱི་མཐིལ་ལོ། །དེ་དག་ནས་འཕྲོ་བའི་འོད་ཟེར་གྱི་ཁ་དོག་ནི། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་གྱི་ཁ་དོག་དང་དྲུག་གོ །དེའང་བཙོད་ཀ་ནི་ལེ་བརྒན་ཏེ་དམར་སྐྱའོ། །ཤེལ་གྱི་ཁ་དོག་ནི་དཀར་སྔོ་སྟེ་རབ་ཏུ་དྭངས་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གནས་ཆེན་པོ་དྲུག་

|; |@@@ | | }}