80321

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣ་བའི་དབང་པོ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་འབྲས་རྣ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་ནང་གི་གཟུགས་ཅན་དང་བ་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། རང་འབྲས་རྣ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དང་བ། རྣ་བའི་དབང་པོའི་མཚན་ཉིད། དབྱེ་ན། རྟེན་བཅས་ཀྱི་རྣ་བའི་དབང་པོ་དང་། རྟེན་མཚུངས་ཀྱི་རྣ་བའི་དབང་པོ་དང་གཉིས། དང་པོ་ནི། གཉིད་སད་པའི་གནས་སྐབས་ཀྱི་རྣ་བའི་དབང་པོ་དང་ལྟ་བུ། གཉིས་པ་ནི། གཉིད་ལོག་པའི་གནས་སྐབས་ཀྱི་རྣ་བའི་དབང་པོ་ལྟ་བུ། རྣ་བ་དང་། རྣ་བའི་དབང་པོ། རྣ་བའི་ཁམས། རྣ་བའི་སྐྱེ་མཆེད་རྣམས་དོན་གཅིག
Domain ཆོས་ལུགས།

{{#arraymap:རྣ་བའི་དབང་པོ་

|; |@@@ | | }}