80327

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣ་བའི་མངོན་ཤེས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ལྷའི་རྣ་བའི་མངོན་ཤེས། སྒོམ་བྱུང་གི་ལྷའི་རྣ་བའི་མངོན་ཤེས། སྒོམ་བྱུང་གི་རྣ་བའི་མངོན་ཤེས་རྣམས་དོན་གཅིག
Domain ཆོས་ལུགས།
རྣ་བའི་མངོན་ཤེས་ (2)
Part of speech མིང་ཚིག
Definition མངོན་ཤེས་དྲུག་པོ་གང་རུང་ཡང་ཡིན། རང་ཡུལ་དུ་གྱུར་པའི་སྒྲ་ཕྲ་རགས་ཐམས་ཅད་མངོན་སུམ་གྱིས་རྟོགས་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་རིག་པ། རྣ་བའི་མངོན་ཤེས་ཀྱི་མཚན་ཉིད།
རྣ་བའི་མངོན་ཤེས་ (3)
Part of speech མིང་ཚིག
Definition རང་གི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་གི་སེམས་ལ་བརྟེན་ནས་བྱུང་ཞིང༌། རང་གི་བདག་རྐྱེན་དུ་གྱུར་པའི་མཉམ་གཞག་གི་སས་བསྡུས་པའི་རྣ་བའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་རང་ཡུལ་དུ་གྱུར་པའི་སྒྲ་ཕྲ་རགས་ཅི་རིགས་པ་མངོན་སུམ་དུ་རྟོགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའི་བློ་དེ། རྣ་བའི་མངོན་ཤེས་ཀྱི་མཚན་ཉིད་ཡིན། དེ་ལྷའི་རྣ་བའི་མངོན་ཤེས་ཀྱི་མཚན་ཉིད་ཀྱང་ཡིན། ས་མཚམས། ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།