80352

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣ་རོང་བཀའ་བརྒྱུད་ (1)
Part of speech མིང་ཚིག
Definition རླུང་སེམས་གཉིས་མེད་ཀྱི་གྲུབ་རྟགས་བརྙེས་པ་གཟི་དྷུ་རས་པ་སྟེ། ཆོས་རྗེ་རས་དཀར་བའི་ཞབས་ལ་བཏུད། གསང་བ་ལྷན་གཅིག་སྐྱེས་པའི་དབང་བཀའ་ཟབ་མོ་ཕྱག་རྒྱ་ཆེན་པོ་དང༌། ཐབས་ལམ་ནཱ་རོ་ཆོས་དྲུག་གི་སྐོར་མ་ལུས་པ་གསན་ནས་སྐུ་ཚེའི་སྟོད་ལ་རི་ཁྲོད་ངེས་མེད་དུ་སྒྲུབ་པ་མཛད། སྨད་ཆར་རྩིའི་ཡོས་སུ་ལྷུན་གྲུབ་གླིང་ཞེས་པའི་གདན་ས་བསྐྱངས། རབ་བྱུང་བཞི་པའི་ནང་ཙམ་ལ་བྱོན།གདན་ས་བ་སེང་གེ་རས་པ་སོགས་བྱུང་ཞིང༌། བུ་ཆེན་ནམ་མཁའ་རས་པ་ཚུར་བྱོན་ཏེ་རྣ་བ་རོང་གི་རོག་སོག་རྫོང་དུ་དགོན་བཏབ་ནས་གྲྭ་པ་བསྐྱང་བ་ལ། གདན་ས་བ་གཞོན་ནུ་རྡོ་རྗེ་དང༌། མཛོ་མཐའ་རས་པ། སྟག་སྒྲ་རས་པ་སོགས་མང་དུ་རིམ་པར་བྱོན།

{{#arraymap:རྣ་རོང་བཀའ་བརྒྱུད་

|; |@@@ | | }}