From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀྲིཥ་ཎ་སཱ་ར་ (1)
| Part of speech
|
མིང་ཚིག
|
| Definition
|
ཁྲི་སྙན་ས་ལེ་ཟེར་བའི་རི་དྭགས་ཤིག་སྟེ། ལུས་ཡོངས་རྫོགས་ཐིག་དཀར་ནག་གིས་བརྒྱན་ཅིང༌། གཤིས་ཀ་དུལ་བ། བཀྲ་ཤིས་བདེ་ལེགས་མཚོན་པའི་རི་དྭགས་ཤིག་ཡིན་ལ། ངག་རྒྱུན་དུ་ཁྲི་སྙན་ས་ལེ་ནི་རི་དྭགས་སྙིང་རྗེ་ཅན་ཞིག་ཡིན་པར་བཤད། དཔེར་ན་བཀའ་ཐང་དུ། སེང་གེའི་སྟེང་དུ་ཁྲི་སྙན་པགས་པ་བཏང། །ཞེས་དང། ཇོ་བོ་རྗེའི་རྣམ་ཐར་ལས། ཝ་བ་ནག་པོ་ཞིག་ནི་སྐུ་ལ་གསོལ། །ཀྲི་སྙན་ས་ལེ་ཅིག་ནི་གདན་དུ་བཏིང༌། །ཞེས་པ་ལྟ་བུ།
|
| Foreign
|
རྒྱ་གར།
|
ཀྲིཥ་ཎ་སཱ་ར་ (1)
| Part of speech
|
རྒྱན་ཚིག
|
| Definition
|
ནག་ཁྲ།
|