8041

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་དགུ་ལ་སྤྱོད་པའི་རིགས་ཀྱི་བུ་ཆོས་མངོན་སུམ་དུ་བྱེད་པའི་ཆོས་དགུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། གང་ཅི་ལ་ཡང་མི་གནས་པ་དེ་ནི་སེམས་ཉེ་བར་དམིགས་པར་མི་བྱེད་པ། སེམས་ཉེ་བར་དམིགས་པར་མི་བྱེད་པ་དེ་ནི་རབ་ཏུ་འབྱུང་བར་མི་འདོད་པ། གང་རབ་ཏུ་འབྱུང་བར་མི་འདོད་པ་དེ་ནི་རབ་ཏུ་འབྱུང་བའི་སེམས་བསྐྱེད་པར་མི་བྱེད་པ། གང་རབ་ཏུ་འབྱུང་བའི་སེམས་བསྐྱེད་པར་མི་བྱེད་པ་དེ་ནི་མི་སྐྱེ་བ། གང་མི་སྐྱེ་བ་དེ་ནི་སྡུག་བསྔལ་ཟད་པ། གང་སྡུག་བསྔལ་ཟད་པ་དེ་ནི་གཏན་ཟད་པ། གང་གཏན་ཟད་པ་དེ་ནི་མི་ཟད་པ། གང་མི་ཟད་པ་དེ་ནི་ཟད་པར་མི་འགྱུར་བ། གང་ཟད་པར་མི་འགྱུར་བ་དེ་ནི་ནམ་མཁའ་ཡིན་པའོ། །
Domain ཆོས་ལུགས།

{{#arraymap:གནས་དགུ་ལ་སྤྱོད་པའི་རིགས་ཀྱི་བུ་ཆོས་མངོན་སུམ་དུ་བྱེད་པའི་ཆོས་དགུ་

|; |@@@ | | }}