80413

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་གཡེང་གི་ཉེས་དམིགས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རྣམ་གཡེང་གི་ཉེས་པ་ལ། ཚེ་འདིའི་ཉེས་དམིགས། སྤྱོད་འཇུག་ལས། སེམས་ནི་རྣམ་པར་གཡེང་བའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་གསུངས་པས་སེམས་རྣམ་པར་གཡེང་བའི་མི་ཆུ་སྲོལ་དུ་མི་ཆུད་པ་འམ། རྟ་རྒོད་ལ་མི་ཆགས་པ་ཞོན་པ་ལྟར་རང་སྡུག་ཅིང་སོ་མི་གསོད། གཞན་ཡང་སྡུག་ཅིང་སོ་མི་བསོད་པ་ལ་སྦྱོར། དེའི་སྟོབས་ཀྱིས་སེམས་ཕྱིན་ཅི་ལོག་སྣ་ཚོགས་ལ་འཇུག་སྙིང་འདོད་ཅིང་ཕུང་ཀྲོལ་སྣ་ཚོགས་སྤྱད་ནས། འཆི་བའི་ཚེ་འགྱོད་པ་དང་བཅས་ནས་འཆི་བར་འགྱུར་རོ། །སྐྱེ་བ་གཏན་གྱི་བདེ་བ་འཇོམས་པའང། སྤྱོད་འཇུག་ལས། དེར་ཡང་རྣམ་གཡེང་གོམས་པས་ནི། །བཟློག་པའི་ཐབས་ནི་གང་ལ་ཡོད། །ཅེས་གསུངས་པས། རི་གཟར་པོ་ལས་ཆུ་དྲག་འབབ་པའམ། སྲེད་མ་ཅན་ཟ་རྒྱན་ལ་ཞུགས་པ་ལྟར། སེམས་རྣམ་པར་གཡེང་བ་བཟློག་དཀའ་ལ་དེའི་སྟོབས་ཀྱིས་མི་དགེ་བ་སྣ་ཚོགས་སྤྱད་ནས་འཁོར་བ་དང་ངན་སོང་གི་རྒྱུར་འགྱུར་རོ། །ཞེས་དང། ཏིང་ངེ་འཛིན་རྒྱལ་པོ་ལས། འཇིག་རྟེན་པ་དག་སྟོད་ཉིད་སྒོམ་ན་ཡང། །དེ་ཡིས་དངོས་པོར་འཛིན་པ་བཟློག་མི་ནུས། །དེ་ཡི་ཉོན་མོངས་ཕྱིར་ཡང་རབ་ཏུ་ལྡན། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་འདིར་བསྒོམས་བཞིན། །ཞེས་གསུངས་པ་ལྟར། ལྷག་སྤྱོད་ཀྱིས་ལོ་བཅུ་གཉིས་སྟོང་ཉིད་ལ་མཉམ་པར་བཞག་ཀྱང། འབྲས་བུ་བྱི་ལར་སྐྱེས་པ་ལྟར་བུའོ། །ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པ་དགོངས་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་གཡེང་གི་ཉེས་དམིགས་

|; |@@@ | | }}