80428

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་གྲངས་ཀྱིས་ཚོར་བ་གཅིག་ནས་བཅུ་ཚན་བར་ཚན་པ་བཅུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་ལེའུ་བཅུ་གཉིས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ལེའུ་ལས་བྱུང་བ་སྟེ། གཅིག་ཚན་ནི། སེམས་གཅིག་པུས་རྣམ་པར་རིག་པའོ། །ཉིས་ཚན་ནི། ཚོར་བ་ཕྱི་ནང་གཉིས་སོ། །སུམ་ཚན་ནི། འདས་མ་འོངས་ད་ལྟར་དུས་གསུམ་རྣམ་པར་རིག་པའོ། །བཞི་ཚན་ནི། ཁམས་བཞི་རྣམ་པར་རིག་པའོ། །ལྔ་ཚན་ནི། ཚོར་བ་ལྔ་སྟེ། ཕུང་པོ་ལྔ་ཡིད་ལ་བྱེད་པའོ། །དྲུག་ཚན་ནི། སྐྱེ་མཆེད་དྲུག་ཡོངས་སུ་རྟོགས་པའོ། །བདུན་ཚན་ནི། རྣམ་པར་ཤེས་པ་བདུན་ལ་གནས་པའོ། །བརྒྱད་ཚན་ནི། ལོག་པར་ངེས་པའི་སྦྱོར་བ་བརྒྱད་དོ། །དགུ་ཚན་ནི། སེམས་ཅན་གྱི་གནས་དགུའོ། །བཅུ་ཚན་ནི། དགེ་བ་བཅུའི་ལས་ཀྱི་ལམ་མོ། །
Domain ཆོས་ལུགས།

{{#arraymap:རྣམ་གྲངས་ཀྱིས་ཚོར་བ་གཅིག་ནས་བཅུ་ཚན་བར་ཚན་པ་བཅུ་

|; |@@@ | | }}