8043

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ (1)
Part of speech མིང་ཚིག
Definition དེ་བཞིན་གཤེགས་པའི་སྟོབས་བཅུའི་ཡ་གྱལ་ཞིག་སྟེ། ལས་དང་ཉོན་མོངས་པ་ནི་སེམས་ཅན་སྐྱེད་པའི་རྒྱུ་ཡིན་པར་ཤེས་ལ་བདག་དང་བྱེད་པ་དང་དབང་ཕྱུག་ལ་སོགས་པ་ནི་སེམས་ཅན་སྐྱེད་པའི་རྒྱུ་མ་ཡིན་པར་མཁྱེན་པ་དང༌། དགེ་བས་མཐོ་རིས་སུ་སྐྱེ་བའི་གནས་ཡིན་ལ། དེས་ངན་སོང་དུ་སྐྱེ་བའི་གནས་མ་ཡིན་པར་མཁྱེན་པ་དང༌། མི་དགེ་བ་སྤྱད་པས་ངན་སོང་དུ་སྐྱེ་བའི་གནས་ཡིན་ལ། དེས་མཐོ་རིས་སུ་སྐྱེ་བའི་གནས་མ་ཡིན་པར་མཁྱེན་པ་སོགས་སོ། །གནས་ནི་ལེགས་པར་སྤྱད་པས་འབྲས་བུ་ཡིད་དུ་འོང་བ་འགྲུབ་པ་དང། ཉེས་པར་སྤྱད་པས་འབྲས་བུ་ཡིད་དུ་མི་འོང་བ་སྨིན་པར་འགྱུར་བ་ལ་སོགས་པ་ལ་བྱ། གནས་མ་ཡིན་པ་ནི་ལེགས་པར་སྤྱད་པའི་འབྲས་བུ་ཡིད་དུ་མི་འོང་པར་གྱུར་བ་དང། ཉེས་པར་སྤྱད་པའི་འབྲས་བུ་ཡིད་དུ་འོང་བར་འགྱུར་བ་ལ་བྱ་སྟེ། སྲིད་པ་དང་མི་སྲིད་པ་མ་ནོར་བར་མཁྱེན་པའི་སྟོབས་དང་ལྡན་པའི་ཕྱིར་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བྱའོ། །
Domain ཆོས་ལུགས།

{{#arraymap:གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་

|; |@@@ | | }}