80444

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་གྲོལ་གསུམ་ (1)
Part of speech མིང་ཚིག
Definition མདོ། རྣམ་པར་ཐར་པ་ཐོབ་པར་བྱེད་པའི་ཏིང་ངེ་འཛིན་གསུམ་སྟེ། སྟོང་པ་ཉིད་དང་། མཚན་ཉིད་མེད་པ་དང་། སྨོན་པ་མེད་པའོ། །
Domain ཆོས་ལུགས།

{{#arraymap:རྣམ་གྲོལ་གསུམ་

|; |@@@ | | }}

རྣམ་གྲོལ་གསུམ་ (2)
Part of speech མིང་ཚིག
Definition སྔགས། རྣམ་གྲོལ་གསུམ་ནི། རྣམ་པ་གསུམ་དང་། གྲོལ་ལུགས་གསུམ་སྟེ། ཉི་ཟླ་འབར་བའི་སྒྲོན་མ་ལས། རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཞེས་པ། རྣམ་པ་ཞེས་པ་ནི་གསུམ་སྟེ། ཕྱི་ཡུལ་གྱི་རྣམ་པ། བར་ཡིད་རིག་སེམས་ཀྱི་འཁྲུལ་པའི་རྣམ་པ། ནང་གཞི་རྩ་ཀུན་གཞིའི་རྣམ་པ་དང་གསུམ་མོ། །གྲོལ་ཞེས་པ་ནི་གདམས་ངག་གི་གྲོལ་ལུགས་བསྟན་ཏེ། དེ་ལ་གྲོལ་ལུགས་གསུམ་སྟེ། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ལ་ཡུལ་སེམས་གཟུང་འཛིན་དགག་སྒྲུབ་སྤོང་ལེན་དབྱེ་བསལ་མེད་པར་རང་གྲོལ་ལོ། །ཡིད་རིག་སེམས་འཁྲུལ་པ་རྩད་ནས་བཅད་ཅིང་གྲོལ་ལུགས་ནི་ཡིད་འགྱུ་བ་མེད་པས་ངང་འདས། རིག་པ་རང་བྱུང་རང་སར་གྲོལ། སེམས་ཀྱི་འཁྲུལ་པ་རང་སར་གྲོལ། རིག་པ་འགྱུ་བ་ཆགས་སྡང་ཀུན་ལས་གྲོལ། ནང་རྩ་བའི་གྲོལ་ལུགས་ནི། ཀུན་གཞི། བག་ཆགས། སྒྲིབ་གཡོགས་གསུམ་ལས་གྲོལ། ཞེས་གསུངས།

{{#arraymap:རྣམ་གྲོལ་གསུམ་

|; |@@@ | | }}