8045

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་དང་གནས་མིན་མཁྱེན་པའི་སྟོབས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གནས་དང་གནས་མིན་པ་ནི་སྲིད་པ་དང་མི་སྲིད་པ་སྟེ། དེ་ལ་གནས་དགེ་བ་ལས་མཐོ་རིས་འབྱུང་བ་དང་མི་དགེ་བ་ལས་ངན་སོང་འབྱུང་བ་དང་སྐྱེས་པ་རང་སངས་རྒྱས་སུ་འགྱུར་བ་ལ་སོགས་པ་དང་། གནས་མ་ཡིན་པ་དགེ་བས་ངན་སོང་དུ་འགྲོ་བ་གནས་མ་ཡིན་པ་ལ་སོགས་པ་རྒྱུ་དང་རྒྱུ་མ་ཡིན་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་སྟོབས་ནི་གནས་དང་གནས་མིན་མཁྱེན་པའི་སྟོབས་སོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:གནས་དང་གནས་མིན་མཁྱེན་པའི་སྟོབས་

|; |@@@ | | }}