80450

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ཕྱི་ལོ་ ༡༦༤༦ ལོར་ལྷོ་ཁ་རྣམ་སྲས་གླིང་དུ་འཁྲུངས། ཆུང་ངུའི་དུས་ནས་སྨིན་གྲོལ་གླིང་གི་ཆོས་སྒོར་ཞུགས། རབ་ཏུ་བྱུང་ཞིང་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་སྦྱངས། གཞུང་ཆེན་བཀའ་པོད་ལྔ་དང་། གསང་ཆེན་རྒྱུད་སྡེ་བཞི། གསོ་རིག་ཆེན་མོའི་གཞུང་ལུགས་བཅས་ལ་མཁས་པར་སྦྱངས། པཎྜི་ཏ་ཆེན་པོའི་མཚན་སྙན་ཐོབ། རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་རྣམ་པ་གཉིས་ཀྱིས་གཙིགས་སུ་འཛིན་པའི་སྐྱེས་ཆེན་ཞིག་ཡིན། རབ་བྱུང་བཅུ་གཅིག་པའི་ས་ལུག་ཕྱི་ལོ་ ༡༦༧༩ ལོར་མེས་པོའི་ཞལ་ལུང་དཔར་དུ་བསྐྲུན་སྐབས་ཞུ་དག་མཛད། རབ་བྱུང་བཅུ་གཅིག་པའི་ཆུ་ཕག་ཕྱི་ལོ་ ༡༦༨༣ ལོར་སུམ་རྟགས་འགྲེལ་བ་ལེགས་བཤད་སྣང་བྱེད་ནོར་བུ་ལྗགས་རྩོམ་གནང་། རབ་བྱུང་བཅུ་གཉིས་པའི་ས་ཁྱི་ཕྱི་ལོ་ ༡༧༡༧ ལོར་ཇུན་གར་དམག་གིས་བཀྲོངས།

{{#arraymap:རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་

|; |@@@ | | }}