80454

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་ཐར་ (1)
Part of speech མིང་ཚིག
Definition གདུལ་བྱའི་རྒྱུད་ལ་ཐར་བའི་ས་བོན་བསྐྲུན་ནུས་པའི་སྐྱེས་བུ་དམ་པའི་མཛད་སྤྱོད་རྣམས་ཕྱོགས་གཅིག་ཏུ་བཀོད་པའི་བརྩམ་ཆོས་ཀྱི་རིགས།
Domain ལོ་རྒྱུས།

{{#arraymap:རྣམ་ཐར་

|; |@@@ | | }}

རྣམ་ཐར་ (2)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། ས་འོག་མ་ལས་རྒྱབ་ཀྱིས་ཕྱོགས་པ་སྟེ། གསེར་ཕྲེང་ལས། མཛོད་པ་ནི། རྣམ་ཐར་གྱི་དོན་ས་འོག་མ་ལས་རྒྱབ་ཀྱིས་ཕྱོགས་པ་ཡིན་པས་ཉེར་བསྡོགས་ཀྱི་བར་ཆད་མེད་ལམ་རྣམས་རྣམ་ཐར་མིན་ལ། རྣམ་གྲོལ་ལམ་རྣམས་ཡིན་ཞེས་ཉེར་བསྡོགས་ལ་ཡང་འདོད་དོ། །ཞེས་དང་། སེར་སྨད་རྒྱལ་དབང་མཛོད་ལས། བསྟན་པས་བསྡུས་པའི་གཟུགས་མེད་ཀྱི་དངོས་གཞིར་མ་ཟད་ཉེར་བསྡོགས་ཀྱི་ངོ་བོར་གྱུར་པའི་རྣམ་གྲོལ་ལམ་རྣམས་ལ་ཡང་རྣམ་ཐར་གྱི་མིང་ཐོབ་ཀྱང༌། བར་ཆད་མེད་ལམ་རྣམས་ལ་ནི་རྣམ་ཐར་གྱི་མིང་མི་ཐོབ་སྟེ། གཟུགས་མེད་ཀྱི་རྣམ་ཐར་ནི་འོག་སའི་ཟག་བཅས་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ལ། ཉེར་བསྡོགས་བར་ཆད་མེད་ལམ་དག་གིས་འོག་སའི་ཟག་བཅས་ལ་དམིགས་པའི་ཕྱིར། །ཞེས་གསུངས། དེ་ལ་དབྱེ་ན་བརྒྱད་དེ། གཟུགས་ཅན་གཟུགས་ལ་བལྟ་བའི་རྣམ་ཐར། གཟུགས་ཅན་མ་ཡིན་པ་གཟུགས་ལ་བལྟ་བའི་རྣམ་ཐར། སྡུག་པའི་རྣམ་ཐར། གཟུགས་མེད་ཀྱི་རྣམ་ཐར་བཞི། འགོག་པའི་རྣམ་ཐར་བཅས་སོ། །སེར་སྨད་རྒྱལ་དབང་མཛོད་ལས། འོ་ན་འདི་དག་ལ་རྣམ་ཐར་ཞེས་བརྗོད་པའི་རྒྱུ་མཚན་ཅི་ཞེ་ན། རྣམ་ཐར་དང་པོ་གཉིས་ཀྱིས་ཁ་དོག་ལ་ཆགས་པའི་གཉེན་པོ་དང༌། གསུམ་པས་ཞུམ་ཞིང་ཆགས་པའི་གཉེན་པོ་དང༌། གཟུགས་མེད་གྱི་རྣམ་ཐར་རྣམས་ཀྱིས་གཟུགས་ཀྱི་འདུ་ཤེས་ཀྱི་གཉེན་པོ་དང༌། འགོག་པའི་རྣམ་ཐར་གྱིས་ཚོར་འདུ་འདུ་བྱེད་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པ་སྟེ། དེ་དང་དེ་དག་ལས་རྣམ་པར་ཐར་པར་བྱེད་པའི་ཕྱིར་དེ་སྐད་བརྗོད་དོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རྣམ་ཐར་

|; |@@@ | | }}