80460

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་ཐར་བརྒྱད་ (1)
Part of speech མིང་ཚིག
Definition མདོ། རང་སའི་ཀུན་དཀྲི་དང་མ་འདྲེས་པའི་སྙོམས་འཇུག་མི་འདྲ་བ་བརྒྱད་ལ་རྣམ་ཐར་བརྒྱད་ཅེས་འཇོག དེ་ལྟར་གྲངས་ངེས་ཚུལ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། སྡེ་ཚན་གཉིས་པ་སྤྲུལ་ལམ་དང་གསུམ་པ་མཐོང་ཆོས་ལ་བདེར་གནས་ཀྱི་ལམ་བཤད་དུ་ཡོད་དེ། དང་པོ་ལ་གཟུགས་ཅན་གྱི་རྣམ་ཐར་གསུམ། གཉིས་པ་ལ་གཟུགས་ཅན་མ་ཡིན་པའི་རྣམ་ཐར་ལྔ་སྟེ། བརྒྱད་ཡོད་པའི་ཕྱིར། དང་པོ་ཡོད་དེ། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། སྡུག་པའི་རྣམ་ཐར་གསུམ་དུ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། གཟུགས་མེད་ཀྱི་རྣམ་ཐར་བཞི། འགོག་པའི་རྣམ་ཐར་གཅིག་སྟེ་ལྔ་ཡོད་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་ཐར་བརྒྱད་

|; |@@@ | | }}