80465

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་ཐཪ་སྒོ་གསུམ་གྱི་ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བདག་ཏུ་ལྟ་བ་དང། བདག་གིར་བལྟ་བའི་གཉེན་པོར་གྱུར་པའི་བྱང་སེམས་ཀྱི་མཁྱེན་པ་དེ། འདིར་བསྟན་རྣམ་པར་ཐཪ་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་མཚན་ཉིད། དེ་ནི་སྟོང་པ་བདག་མེད་གཉིས་རྟོགས་པའི་བྱང་སེམས་ཀྱི་ཡེ་ཤེས་ལྟ་བུ་ཟེར་ལ། འཇིག་ལྟའི་རྒྱུ་དང་འབྲས་བུར་གྱུར་པའི་རྣམ་པར་རྟོག་པའི་གཉེན་པོར་གྱུར་པའི་བྱང་སེམས་ཀྱི་ཡེ་ཤེས་དེ། འདིར་བསྟན་རྣམ་པར་ཐཪ་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད། དེ་ནི་འགོག་ལམ་གྱི་རྣམ་པ་བཞི་རྟོགས་པའི་བྱང་སེམས་ཀྱི་ཡེ་ཤེས་ལྟ་བུ་ལ་བྱ་ལ། །ཁམས་གསུམ་ལ་སྲེད་པའི་གཉེན་པོའི་རིགས་སུ་གནས་པའི་བྱང་སེམས་ཀྱི་མཁྱེན་པ་དེ། འདིར་བསྟན་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད། དེ་ནི་མི་རྟག་སྡུག་བསྔལ་གཉིས་དང། ཀུན་འབྱུང་གི་རྣམ་པ་བཞི་རྟོགས་པའི་བྱང་སེམས་ཀྱི་ཡེ་ཤེས་ལྟ་བུ་ལ་བྱའོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། རྟོགས་བྱའི་ཡུལ་ནི། ཆོས་ཀྱི་སྡོམ་བཞི་ལས་འདུས་བྱས་མི་རྟག་པ་དང་། ཟག་པ་དང་བཅས་པ་སྡུག་བསྔལ་བ་གཉིས་ནི། སྨོན་པ་མེད་པ་དང་། ཆོས་བདག་མེད་པ་ནི་སྟོང་པ་ཉིད་དང་། མྱ་ངན་ལས་འདས་པ་ཞི་བ་ནི་མཚན་མ་མེད་པའི་ཡུལ་གྱིས་བསྡུས་སོ། །རྣམ་པ་ནི། རྣམ་པ་བཅུ་དྲུག་ཡོད་པ་ལས་སྡུག་བདེན་གྱི་སྟོང་པ་བདག་མེད་གཉིས་ནི་རྣམ་ཐར་དང་པོའི་རྣམ་པ་ཡིན་ལ། འགོག་ལམ་གཉིས་ཀྱི་རྣམ་པ་བརྒྱད་ནི་རྣམ་ཐར་གཉིས་པ་དང་། སྡུག་བདེན་གྱི་མི་རྟག་སྡུག་བསྔལ་གཉིས་དང་ཀུན་འབྱུང་གི་བཞི་ནི་གསུམ་པའི་རྣམ་པའོ། །ཡུལ་ཅན་ནི། གཏན་ལ་དབབ་པ་བསྡུ་བ་ལས། གཞུང་གང་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཞེས་འབྱུང་བ་ལ་ནི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསུམ་ཀ་ཡོངས་སུ་བཟུང་བ་ཡིན་ལ། ཏིང་ངེ་འཛིན་གྱི་སྒྲས་གསུངས་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་ཐུན་མོང་དུ་འཛིན་པ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་ཞེས་འབྱུང་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁོ་ནའོ་ཞེས་འབྱུང་བ་ཡིན་ནོ། །རྣམ་པ་བསྡུ་ཚུལ་ནི། འདིར་བསྟན་རྣམ་པ་ཐམས་ཅད་གསུམ་དུ་འདུས་ཏེ། འགོག་ལམ་གྱི་རྣམ་པ་རྣམས་ནི་མཚན་མ་མེད་པ་དང་། སྡུག་ཀུན་གྱི་རྣམ་པ་རྣམས་ནི་སྟོང་པ་ཉིད་དང་སྨོན་པ་མེད་པའི་རྣམ་པས་བསྡུས་པའི་ཕྱིར་རོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་ཐཪ་སྒོ་གསུམ་གྱི་ཏིང་ངེ་འཛིན་

|; |@@@ | | }}