80478

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་དག་གཞི་ལས་ཀྱིས་བསྒྲུབ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། རྣམ་དག་གཞི་ལས་ཀྱིས་བསྒྲུབ་པ་ལ་གསོ་སྦྱོང་གཞི་ལས་ཀྱིས་བསྒྲུབ་པ། དགག་དབྱེའི་ལས་ཀྱིས་བསྒྲུབ་པ་གཉིས་ཡོད་ལ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་རྣམ་དག་གཞི་ལས་ཀྱིས་བསྒྲུབ་པ་ལ་གཉིས་ཡོད་དེ། གསོ་སྦྱོང་གཞི་ལས་ཀྱིས་བསྒྲུབ་པ། དགག་དབྱེའི་ལས་ཀྱིས་བསྒྲུབ་པ་གཉིས་ཡོད་པའི་ཕྱིར། དང་པོ་གསོ་སྦྱོང་གཞི་ལས་ཀྱིས་བསྒྲུབ་པར་བྱ་བའི་ཡུལ་དགེ་སློང་དེ་ཉིད་ཆོས་བཞི་དང་ལྡན་པ་གཅིག་དགོས་ཏེ། དགེ་འདུན་མཚན་ཉིད་གསུམ་ལྡན་གྱི་སྟེང་དུ་གསོ་སྦྱོང་གི་ཆོ་ག་ཤེས་པ་དགོས་པའི་ཕྱིར། དེའི་དམིགས་བསལ་ཡོད་དེ། རྒྱ་ཆེར་འགྲེལ་དང་ཉིད་ཀྱི་རྣམ་བཤད་སོགས་སུ་ཁ་སྐོང་བར་མི་འོས་པས་ཀྱང་གསོ་སྦྱོང་བྱ་རུང་བར་གསུངས་པའི་ཕྱིར། གསོ་སྦྱོང་ཉམས་སུ་མྱོང་བའི་ཡུལ་གྱི་དབང་དུ་བྱས་ན་ཆོས་བདུན་ལྡན་ཞིག་དགོས་ཏེ། སྦྱིན་ཡུལ་གྱི་ཆོས་ཐུན་མོང་བ་ལ་བརྒྱད་བཤད་པའི་དང་པོ་བཞིའི་སྟེང་དུ་མཚམས་ཀྱི་ནང་ན་གནས་པ། མཚན་མཐུན་པ། གསོ་སྦྱོང་བཞག་པ་མ་ཡིན་པ་རྣམས་དགོས་པའི་ཕྱིར། གཉིས་པ་དགག་དབྱེའི་ལས་ཀྱིས་བསྒྲུབ་པར་བྱ་བའི་ཡུལ་དགེ་སློང་ཡང་ཆོས་བཞི་ལྡན་ཞིག་དགོས་ཏེ། དགེ་འདུན་མཚན་ཉིད་གསུམ་ལྡན་གྱི་སྟེང་དུ་དགག་དབྱེའི་ཆོ་ག་ཤེས་པ་གཅིག་དགོས་པའི་ཕྱིར། དམིགས་བསལ་ནི་སྔར་བཞིན་ནོ། །དགག་དབྱེའི་ལས་ཉམས་སུ་མྱོང་བའི་ཡུལ་ཡང་སྔར་བཤད་པས་ཤེས་སོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རྣམ་དག་གཞི་ལས་ཀྱིས་བསྒྲུབ་པ་

|; |@@@ | | }}